The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer for Long Life of Fifth Dodrupchen Rinpoche—Tibetan

English | བོད་ཡིག

༄༅། །ཞབས་བརྟན་གསོལ་འདེབས་འཆི་མེད་གཉུག་མའི་རང་སྒྲ་ཞེས་བྱ་བ།

 

ཨོཾ་སྭསྟི།

མཚོ་སྐྱེས་རྗེ་དང་ཚེ་ལྷ་རབ་འབྱམས་དང༌། །

རྩ་གསུམ་ཆོས་སྲུང་ཚོགས་རྣམས་དགོངས་སུ་གསོལ། །

སྣང་སྲིད་རྣམ་དག་འཆི་མེད་གཉུག་མའི་ཀློང༌། །

དབང་བསྒྱུར་ཨོ་རྒྱན་ཉིད་དང་དབྱེར་མེད་པའི། །

ཀློང་ཡངས་རིག་འཛིན་རྒྱ་མཚོ་རིན་པོ་ཆེ། །

བསྟན་དང་འགྲོ་བའི་མགོན་དུ་ཞབས་བརྟན་གསོལ། །

 

ཞེས་པ་འདི་ཉིད་རྡོ་གྲུབ་ཆེན་དགོན་གསང་ཆེན་དངོས་གྲུབ་དཔལ་འབར་གླིང་གི་རྡོ་གྲུབ་ཆེན་སྐུ་ཕྲེང་ལྔ་པ་ཐུབ་བསྟན་ཀློང་ཡངས་རིག་འཛིན་རྒྱ་མཚོའི་བླ་བྲང་བསམ་འཕེལ་ཆོས་གླིང་གི་འདུས་མང་ནས་ལྕགས་ཁུང་མཁན་པོ་ཚེ་དབང་མཆོག་བརྒྱུད་ནས་དར་དཀར་ཉིན་མོ་བདེ་ལེགས་དང་རྟེན་གསུམ་འདེགས་འབུལ་གྱིས་བསྐུལ་མ་ཡང་ཡང་བྱུང་དོན་བཞིན་ལྷག་བསམ་དགེ་བའི་གསོལ་སྨོན་རྩེ་གཅིག་པའི་ངང་ནས། བོད་རབ་གནས་ཤིང་སྦྲུལ་ནག་པ་ཟླ་བའི་ཚེས་ ༢༥ ཉིན། རྫོགས་སྤྲུལ་བདུན་པས།

 

རྫོགས་ཆེན་རིན་པོ་ཆེ།

རྡོ་གྲུབ་ཆེན་འཇིགས་མེད་ཀློང་ཡངས།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept