Sukhāvatī Inscription—Tibetan

Deities › Amitābha | Literary Genres › Inscriptions | བོད་ཀྱི་བླ་མ།ཀརྨ་པ་མཁའ་ཁྱབ་རྡོ་རྗེ།

English | Português | བོད་ཡིག

ཀརྨ་པ་མཁའ་ཁྱབ་རྡོ་རྗེ།

Amitābha, Buddha of Boundless Light

Further information:
Download this text:

༄༅། །བདེ་ཆེན་ཞིང་བཀོད་ཀྱི་རྒྱབ་བྱང་དུ།

དུས་གསུམ་རྒྱལ་བ་རྒྱ་མཚོ་ཡི། །
ཐུགས་རྗེའི་འོད་ཟེར་འདུས་པའི་སྐུ། །
རྣམ་འདྲེན་རྒྱལ་བ་འོད་དཔག་མེད། །
རྣམ་འཕྲུལ་སེམས་དཔའ་སེམས་མ་དང་། །
ཉན་ཐོས་དགེ་འདུན་བྱེ་བ་འབུམ། །
ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱི། །
ཡེ་ཤེས་ཆེན་པོས་འདིར་དགོངས་ལ། །
ཐུགས་དམ་ཞལ་བཞེས་ཇི་བཞིན་དུ། །
བདག་དང་མཐའ་ཡས་སེམས་ཅན་རྣམས། །
འཁོར་བ་ངན་སོང་འཇིགས་ལས་སྐྱོབས། །
ཕྱི་ནང་སྡུག་བསྔལ་དབྱིངས་སུ་སོལ། །
རང་གཞན་དོན་གཉིས་ལྷུན་གྲུབ་ནས། །
འཆི་མེད་བདེ་བ་ཆེན་པོའི་དབྱིངས། །
མགོན་པོ་ཁྱེད་དང་དབྱེར་མེད་མཛོད། །

ཅེས་པའང་མཉན་དཔོན་འཆི་མེད་ངོར། དཔལ་ཀརྨ་པས་བྲིས།།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept