Prayer for the Swift Rebirth of Dodrupchen Rinpoche—Tibetan

Practices › Swift Rebirth Prayers | བོད་ཀྱི་བླ་མ།གོང་ས་སྐྱབས་མགོན་ཆེན་པོ་མཆོག | བོད་ཀྱི་བླ་མ།རྡོ་གྲུབ་ཆེན་ཐུབ་བསྟན་ཕྲིན་ལས་དཔལ་བཟང་པོ།

English | བོད་ཡིག

གོང་ས་སྐྱབས་མགོན་ཆེན་པོ་མཆོག

རྡོ་གྲུབ་ཆེན་ཐུབ་བསྟན་ཕྲིན་ལས་དཔལ་བཟང་པོ།

Further information:
Download this text:

༄༅། །མྱུར་བྱོན་སྨོན་ཚིག

 

གདོད་ནས་རྣམ་དག་འོད་གསལ་ཆོས་ཀྱི་སྐུ། །

རང་གདངས་འགགས་མེད་ལྷུན་གྲུབ་ལོངས་སྤྱོད་རྫོགས། །

ཐུགས་རྗེའི་རོལ་པ་ཅིར་ཡང་ཤར་བ་ཡི། །

རབ་འབྱམས་སྐྱབས་ཀྱི་ཕུང་པོས་དགེ་ལེགས་སྩོལ། །

 

དཀའ་བ་དུ་མས་བསྟན་པའི་གནས་གཞི་བཏབ། །

ཚེ་འདི་བློས་བཏང་དམ་ཆོས་རྣལ་མ་མཛད། །

དམ་པའི་བཞེད་པ་ཡོངས་སུ་རྫོགས་པ་དང་། །

བསྟན་འགྲོའི་དཔལ་གྱུར་སླར་ཡང་མྱུར་བྱོན་ཤོག །

 

ཅེས་པ་འདི་ནི་རྡོ་གྲུབ་སྐུ་ཕྲེང་བཞི་པ་འཇིགས་མེད་ཐུབ་བསྟན་ཕྲིན་ལས་རིན་པོ་ཆེ་ཉེ་ཆར་ཞི་བར་གཤེགས་པར་མྱུར་བྱོན་སྨོན་ཚིག་དགོས་ཞེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་དང་། ཤར་སྤྲུལ་དམ་ཆོས་རྒྱ་མཚོ་བཅས་ནས་བསྐུལ་ངོར། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མས། རབ་བྱུང་བཅུ་བདུན་པའི་ལྕགས་གླང་ཟླ་ ༡༢ ཚེས་ ༡༦ ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༡༧ ཉིན་སྦྱར་བའོ། །

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept