བདེ་བ་ཅན་གྱི་སྨོན་ལམ།
༄༅། །བདེ་བ་ཅན་གྱི་སྨོན་ལམ།
ཨེ་མ་ཧོ།
རང་སྣང་དག་པ་བདེ་བ་ཅན་གྱི་ཞིང་། །
རང་རིག་གཞི་ཡི་སངས་རྒྱས་འོད་དཔག་མེད། །
རང་རྩལ་སྒྱུ་འཕྲུལ་རོལ་བའི་འཁོར་དང་བཅས། །
རང་སྣང་ནུབ་མ་ཐག་ཏུ་མངོན་འགྱུར་ནས། །
འགྲོ་ཁམས་རྒྱ་མཚོ་འདྲེན་པའི་དཔལ་ཐོབ་ཤོག །
བཟང་ངན་འབྲེལ་བ་ཐོབ་པའི་སྐྱེ་འགྲོ་ཀུན། །
མ་རིག་འཁྲུལ་སྣང་དབྱིངས་སུ་སད་ནས་ཀྱང་། །
རང་རིག་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག །
སེར་ཐང་གྲུབ་ཆེན་པས་སོ།།
