Garab Dorje Guru Sādhana—Tibetan

Practices › Guru Sādhana | Practices › Guru Yoga | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། | འཕགས་ཡུལ་གྱི་སྐྱེས་བུ་དམ་པ།དགའ་རབ་རྡོ་རྗེ།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

དགའ་རབ་རྡོ་རྗེ།

Further information:
Download this text:

༄༅། །དགའ་རབ་རྡོ་རྗེའི་བླ་སྒྲུབ་བཞུགས།

 

ཨ། གདོད་ནས་སྣོད་བཅུད་རྣམ་དག་ཞིང་། །

ཡེ་སྟོང་ཆེན་པོའི་ངང་ཉིད་ལས། །

རང་ལུས་ཕྱག་རྡོར་ཞི་བར་གསལ། །

མདུན་མཁར་དབྱིངས་སྣང་མཐིང་ག་ཆེར། །

ལྷུན་གྲུབ་འོད་སྣང་ཚོམ་བུར་བརྡལ། །

དེ་དབུས་ཐིག་ལེ་འོད་ལྔའི་ཀློང་། །

རིན་ཆེན་ཁྲི་རྐང་པད་ཉི་ཟླར། །

ཐེག་མཆོག་བསྟན་པའི་ཤིང་རྟ་ཆེ། །

དགའ་རབ་རྡོ་རྗེ་ལོངས་སྐུའི་ཆས། །

ཞི་འཛུམ་དཀར་གསལ་མཚན་དཔེས་སྤྲས། །

ཕྱག་གཡས་སྐྱབས་སྦྱིན་ཐད་ཀར་བརྐྱངས། །

གཡོན་པས་སྟ་ཟུར་གདན་ལ་བརྟེན། །

དར་ཤམ་རིན་ཆེན་རྒྱན་ཆས་མཛེས། །

ཞབས་གཉིས་སེམས་སྐྱིལ་རྟ་བབས་ཚུལ། །

སྐུ་ནི་འགྱིང་བག་ཚུལ་དུ་བཞུགས། །

གནས་གསུམ་རྡོ་རྗེ་གསུམ་གྱིས་མཚན། །

འོད་འཕྲོས་ཡེ་ཤེས་པ་སྤྱན་དྲངས། །

ཆུ་ལ་ཆུ་བཞག་བཞིན་དུ་གྱུར། །

 

ཨཿ རང་རིག་བླ་མར་ལྟ་བའི་ཕྱག །

སྣང་སྲིད་ཡེ་རྫོགས་མཆོད་པར་འབུལ། །

སྡིག་ལྟུང་སྐྱེ་མེད་ཀློང་དུ་བཤགས། །

མ་བྱས་དགེ་ལ་རྗེས་ཡི་རངས། །

ལྷུན་གྱིས་གྲུབ་པའི་ཆོས་འཁོར་བསྐོར། །

སྐྱེ་འཆི་མེད་པའི་ངང་དུ་བཞུགས། །

ལྷུན་གྲུབ་གཞོན་ནུ་བུམ་སྐུར་བསྔོ། །

སྐུ་གསུམ་ཆེན་པོར་བྱང་ཆུབ་ཤོག །

ཨོཾ་ཨཱཿཧཱུཾ།

 

རྡོ་རྗེ་སེམས་དཔའ་དགའ་རབ་དཔའ་བོ་ལ། །

མི་ཕྱེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །

འོད་གསལ་དགོངས་པའི་རྩལ་ཆེན་རབ་རྫོགས་ནས། །

འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུ་ཐོབ་ཤོག །

ཨོཾ་ཨཿགུ་རུ་པྲ་ཛཱ་བྷ་ཝ་ཧེ་བཛྲ་སརྦ་སིདྡྷི་ཧཱུྃ།

 

བླ་མའི་གནས་གསུམ་འབྲུ་གསུམ་ལས། །

སྐུ་དང་སྔགས་ཕྲེང་ཕྱག་མཚན་དང་། །

འབྲུ་གསུམ་འོད་ཟེར་བདུད་རྩིའི་རྒྱུན། །

རང་གི་གནས་གསུམ་རིམ་ཅིག་ཆར། །

ཞུགས་པས་དབང་ཐོབ་སྒྲིབ་བཞི་དག །

ལམ་བཞི་བསྒོམ་ཞིང་སྣང་བ་བཞིའི། །

ཕ་མཐར་ཕྱིན་པའི་ས་བོན་བཞག །

 

མཐར་ནི་བླ་མ་དགྱེས་པ་ཆེས། །

སྤྱི་བོ་ནས་བྱོན་སྙིང་དབུས་བཞུགས། །

ཐུགས་ཀར་འོད་ལྔའི་ཀློང་དཀྱིལ་དུ། །

ཀུན་བཟང་ཡབ་ཡུམ་བཞུགས་པ་ཡི། །

ཐུགས་དབུས་ཐིག་ལེ་སྔོན་པོའི་སྟེང་། །

ཨ་མཐར་ཀློང་དྲུག་ཡིག་འབྲུས་བསྐོར། །

རང་གི་རྣམ་ཤེས་ཚོགས་ཐམས་ཅད། །

དག་པའི་ཀློང་དུ་བསྟིམ་པ་དང་། །

རིག་སྟོང་འོད་གསལ་ཆེན་པོའི་ངང་། །
མ་གཡོས་རྡོ་རྗེའི་བཟླས་པ་དང་། །
ངག་བཟླས་རླུང་བཟླས་ཅི་ནུས་བྱ། |

ཐུན་མཐར་དགེ་བསྔོ་ལམ་ཁྱེར་སོགས། །
རྗེས་ཀྱི་རིམ་པ་སྤྱི་ལྟར་རོ། །

 

དེ་ལྟར་བླ་སྒྲུབ་ཉུང་ངུ་འདི། །
རྨིས་ཉམས་བརྡ་ཡིས་བསྐུལ་བ་དང་། །
རིག་ངོར་གང་ཐོན་བྲིས་པ་འདིས། །
རང་རིག་བླ་མར་གྲོལ་གྱུར་ཅིག །

 

རབ་ཚེས་ཆུ་སྦྲུལ་ཟླ་བཅུ་ཚེས་བཅོ་ལྔ་ལ། ཀུན་བཟང་འོད་གསལ་སྙིང་པོས་སོ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept