Swift Rebirth of Katok Situ—Tibetan

Practices › Swift Rebirth Prayers | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། | བོད་ཀྱི་བླ་མ།ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ།

Further information:
Download this text:

༄༅། །འཇམ་དབྱངས་བླ་མའི་མཆོག་སྤྲུལ་མྱུར་འབྱོན་གསོལ་འདེབས་འདོད་དོན་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ། །

 

ཨོཾ་སྭསྟི། །

བརྒྱུད་གསུམ་བླ་མའི་བྱིན་རླབས་གཅིག་བསྡུས་ཤིང་། །

མཁྱེན་བརྩེ་ནུས་པའི་ཡོན་ཏན་བསམ་མི་ཁྱབ། །

རྒྱལ་བསྟན་ཡོངས་སུ་རྫོགས་པའི་ཤིང་རྟ་ཆེ། །

ཨོ་རྒྱན་ཆོས་ཀྱི་རྒྱ་མཚོར་གསོལ་བ་འདེབས། །

 

གང་གི་སྤྲུལ་པའི་ཟླ་གཞོན་ཁྱད་པར་འཕགས། །

རྣམ་ཐར་པདྨ་དཀར་པོའི་ཕྲེང་འཛིན་པ། །

བདག་སོགས་འགྲོ་བའི་མགོན་དུ་མྱུར་འབྱོན་ནས། །

བསྟན་འགྲོའི་དོན་ཆེན་འགྲུབ་པར་བྱིན་གྱིས་རློབས། །

 

ཅེས་པའང་མཁན་པོ་ལེགས་བཤད་འབྱོར་ལྡན་གྱིས་གསུང་བསྐུལ་ངོར་འཇམ་དབྱངས་བློ་གྲོས་རྒྱ་མཚོས་རབ་བྱུང་བཅུ་དྲུག་པའི་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ལ་བྲིས་པའོ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept