བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

འོད་ཟེར་ཅན་མའི་སྒྲུབ་ཐབས།

English | བོད་ཡིག

༄༅། །འོད་ཟེར་ཅན་མའི་སྒྲུབ་ཐབས།

 

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །

བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །

བདག་གི་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །

འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །

ཚར་གསུམ།

སྟོང་པའི་ངང་ལས་སྐད་ཅིག་གིས།

ཕག་སེར་མོ་བཞིས་དྲངས་པའི་ཤིང་རྟའི་སྟེང་། །

པདྨ་ཟླ་བའི་དལ་གྱི་དབུས།

མཱྃཿལས་འོད་ཟེར་ཅན་མ་ནི། །

གསེར་མདོག་རིན་ཆེན་རྒྱན་ཆ་དང་། །

དར་གྱི་སྟོད་གཡོག་སྨད་ཤམས་མཛེས། །

ཕྱག་གཡས་མཆོག་སྦྱིན་མྱ་ངན་མེད། །

ཤིང་གི་ཡལ་ག་བསྣམས་པ་དང་། །

གཡོན་པས་ཁབ་དང་སྐུད་པ་འཛིན། །

གསལ་བའི་ཐུགས་ནས་རང་འདྲ་ནི། །

དཔག་མེད་འཕྲོས་པས་དགྲ་གདོན་བགེགས། །

གཟུགས་ཅན་གཟུགས་མེད་གནོད་པ་རྣམས། །

མིང་ཙམ་མེད་པར་བརླག་པར་བསམ། །

ཨོཾ་མ་རཱི་ཙྱཻ་མཱུཾཿསྭཱ་ཧཱ།

ཅི་ནུས་བཟླས་མཐར།

དགེ་བ་འདི་ཡིས་མྱུར་དུ་བདག །

འོད་ཟེར་ཅན་མ་འགྲུབ་གྱུར་ནས། །

འགྲོ་བ་གཅིག་ཀྱང་མ་ལུས་པ། །

དེ་ཡི་ས་ལ་འགོད་པར་ཤོག །

 

ཅེས་སྲིད་བློན་བདེ་མཁར་བས་བསྐུལ་ངོར། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ་ལེགས་འཕེལ།། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Aśokakāntā Mārīcī

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept