Dampa Rinpoche Swift Rebirth Prayer—Tibetan

Practices › Swift Rebirth Prayers | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། | བོད་ཀྱི་བླ་མ།དམ་པ་རིན་པོ་ཆེ་ངག་དབང་བློ་གྲོས་སྙིང་པོ།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

དམ་པ་རིན་པོ་ཆེ་ངག་དབང་བློ་གྲོས་སྙིང་པོ།

Further information:
Download this text:

༄༅། །མཆོག་སྤྲུལ་མྱུར་འབྱོན་གསོལ་འདེབས་བཀྲ་ཤིས་ཟླ་སྣང་ཞེས་བྱ་བ་བཞུགས་སོ།    །

 

ཨོཾ་སྭསྟི།

ངག༵་ལ་དབ༵༵ང་བསྒྱུར་འཇམ་མགོན་དགྱེས་པའི་གཏེར།    །

མདོ་སྔགས་བློ༵་གྲོས༵༵་རྒྱ་མཚོའི་མཛོད་འཆང་བ།    །

གཞན༵་ལ་ཕན༵་པའི་མཛད་ཕྲིན་ཕ་མཐའ་ཡས།    །

དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།    །

 

གང་ཁྱོད་ཆོས་ཀྱི་དབྱིངས་སུ་སྙོམས་ཞུགས་ཀྱང་།    །

བསྟན་འགྲོར་རྗེས་ཆགས་ཐུགས་རྗེས་མི་འདོར་ཞིང་།    །

བརྩེ་ཆེན་སྙིང༵་པོ༵འི་རིང་ལུགས་གསལ་བའི་ཕྱིར།    །

སླར་ཡང་མཆོག་གི་སྤྲུལ་སྐུ་མྱུར་བཞེངས་གསོལ།    །

 

སྙིགས་མ་ལྔ་བདོའི་བསྟན་འགྲོའི་རྒུད་སེལ་ཞིང་།    །

རིགས་དང་བརྩེ་བ་ཤེས་རབ་ལང་ཚོ་རྒྱས།    །

རྒྱལ་བ་དགྱེས་པའི་སྤྱོད་པ་ལེགས་གནས་པའི།    །

མཆོག་གི་སྤྲུལ་སྐུ་ཁྱད་འཕགས་སྣང་མཛད་གསོལ།    །

 

དེ་ཡང་བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ།    །

སྐུ་ཚེ་མི་ཤིགས་ཡུན་དུ་བརྟན་པ་དང་།    །

གསན་བསམ་སྒོམ་པའི་ཡོན་ཏན་མཐའ་ཡས་པར།    །

འབད་མེད་མངའ་དབང་འབྱོར་བའི་བཀྲ་ཤིས་ཤོག  །

 

ཅེས་པའང་རྗེ་བཙུན་ཨེ་ཝཾ་པ་ཆེན་པོའི་འདྲེན་མཆོག་ཆོས་ཀྱི་རྒྱལ་པོ་ཁང་གསར་མཁན་ཆེན་དམ་པ་རིན་པོ་ཆེ་ཞིང་ཁམས་སུ་གཤེགས་པ་ན།  རྗེ་དེ་ཉིད་ཀྱི་རིགས་ཆོས་ཐུགས་ཀྱི་སྲས་གཅིག་མགོན་གཟིགས་ཞབས་དྲུང་རིན་པོ་ཆེའི་བཀའ་ལུང་གཙུག་ཏུ་མཆོད་དེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རྩེ་གཅིག་གུས་པས་གསོལ་བ་བཏབ་བཞིན་བྲིས་པ།    །མཆོག་གི་སྤྲུལ་སྐུའི་ཟླ་སྣང་མྱུར་དུ་འཆར་བའི་རྒྱུར་འགྱུར་བ་བླ་མ་རྒྱལ་བ་སྲས་བཅས་ཀྱིས་བྱིན་གྱིས་བརླབས་ཏུ་གསོལ།  སརྦ་དཱ་མངྒ་ལཾ།།    །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept