Praise of Milarepa—Tibetan

Literary Genres › Praise | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། | བོད་ཀྱི་བླ་མ།མི་ལ་རས་པ།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

མི་ལ་རས་པ།

Further information:
Download this text:

༄༅། །རྗེ་མི་ལ་རས་པ་ཆེན་པོར་བསྟོད་པ་རྒྱུད་དོན་རྣམ་ངེས་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ།

འཁོར་ལོ་སྡོམ་པ་མི་ཡི་གཟུགས། །
རྣལ་འབྱོར་དབང་ཕྱུག་གྲུབ་པའི་གཙོ། །
ཧེ་རུ་ཀ་དཔལ་མི་ལ་རྗེ། །
བདེ་ཆེན་འཁོར་ལོའི་རྒྱན་དུ་བཞུགས། །

འཕོ་བཅས་རླུང་རྣམས་དྷཱུ་ཏིར་ཐིམ། །
འཁོར་ལོ་བཞི་ཡི་མདུད་པ་གྲོལ། །
ལ་ལ་ནཱ་དང་ར་ས་དག །
མི་ཤིགས་དབུ་མར་བཅིངས་ལ་འདུད། །

མཆོག་ཏུ་མི་འགྱུར་བདེ་བའི་རྒྱུན། །
ཡེ་ཤེས་རྩ་ཡི་ཁྱོན་གང་བས། །
རྡུལ་བྲལ་རྣམ་པར་དག་པའི་སྐུ། །
ཕྱག་རྒྱ་རྒྱ་ཆེན་གྲུབ་ལ་འདུད། །

ཇི་སྙེད་ཀུན་ཏུ་རྟོག་པ་རྣམས། །
མི་རྟོག་སྒྲ་གཅན་གྱིས་ཟོས་པས། །
འཁོར་འདས་ཆོས་ཀུན་དབྱིངས་སུ་སྡོམ། །
དཔལ་ལྡན་བདེ་མཆོག་འཁོར་ལོར་འདུད། །

ཟག་མེད་བདེ་བའི་ལང་ཚོ་རྒྱས། །
ལྷན་སྐྱེས་ཡེ་ཤེས་ཆང་གི་གཟིས། །
བརྟུལ་ཞུགས་གྲུབ་པའི་ཤུགས་འཆང་བ། །
རྣལ་འབྱོར་དབང་ཕྱུག་ཆེན་པོར་འདུད། །

ས་བཅུ་ལམ་ལྔ་ཡོངས་སུ་རྫོགས། །
ཕ་རོལ་ཕྱིན་བཅུ་མཐར་ཕྱིན་ཅིང་། །
དབང་བཅུ་མངའ་བ་ཆེན་པོ་ཡི། །
སྒྲིབ་གསུམ་སྤངས་པ་ཁྱོད་ལ་འདུད། །

སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད། །
དཀྱིལ་འཁོར་རབ་འབྱམས་བདག་པོ་ནི། །
དཔལ་ལྡན་བཞད་པ་རྡོ་རྗེ་སྟེ། །
སངས་རྒྱས་ཀུན་བདག་དེ་ལ་འདུད། །

སྐྱེ་དང་ཚེ་རབས་ཐམས་ཅད་དུ། །
ཐོས་པ་དགའ་དང་མི་འབྲལ་ཞིང་། །
མི་བསྐྱོད་རྡོ་རྗེས་རྗེས་བཟུང་སྟེ། །
དོན་གཉིས་མཐའ་རུ་ཕྱིན་པར་ཤོག །

ཅེས་པའང་མེ་ཕག་ཆོ་འཕྲུལ་ཟླ་བའི་དུས་ཀྱི་མཆོད་པར་གསོལ་བ་བཏབ་པའོ། ། །།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept