Minling Chung Rinpoche Long Life—Tibetan

Practices › Long-Life Prayers | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། | བོད་ཀྱི་བླ་མ།སྨིན་གླིང་གཅུང་རིན་པོ་ཆེ།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Minling Chung Rinpoche, Ngawang Chödrak

Further information:
Download this text:

༄༅། །སྨིན་གཅུང་རིན་པོ་ཆེར་ཞབས་བརྟན་དུ་གསོལ་བ་འཆི་མེད་རྔ་སྒྲ།

 

ཨོཾ་སྭསྟི།

རྩ་གསུམ་འདུས་ཞལ་པདྨ་ཐོད་ཕྲེང་དང་། །

ཁྲི་སྲོང་བཻ་རོ་བདེ་ཆེན་མཚོ་རྒྱལ་སོགས། །

བཀའ་གཏེར་རིག་འཛིན་བརྒྱུད་པའི་བྱིན་རླབས་དང་། །

བདེན་པའི་སྟོབས་ཀྱིས་ཤིས་པ་སྩལ་དུ་གསོལ། །

 

སྔ་འགྱུར་མདོ་སྔགས་ཟབ་རྒྱས་ཆོས་ཀྱི་མཛོད། །

མཁྱེན་རབ་གསེར་གྱི་སྒྲོམ་བུར་ལེགས་གཏམས་ཤིང་། །

བརྩེ་ཆེན་ཐུགས་རྗེའི་ཤུགས་ཀྱིས་དྲངས་མཛད་པ། །

ངག་དབང་ཆོས་ཀྱི་གྲགས་པ་ཞབས་བརྟན་གསོལ། །

 

དཔའ་ཆེན་ལག་ན་རྡོ་རྗེའི་མཐུ་ནུས་སྟོབས། །

མཆོག་གི་གསང་གསུམ་དཀྱིལ་འཁོར་ལ་ཞུགས་པས། །

སྙིགས་དུས་བསྟན་འགྲོ་སྐྱོབ་པའི་དཔུང་གཉེན་དུ། །

ཞབས་པད་འགྱུར་མེད་ཡུན་དུ་བཞུགས་པར་གསོལ། །

 

ངེས་གསང་སྨིན་གྲོལ་ཆོས་ཀྱི་རྒྱལ་ཁབ་ཆེའི། །

བསྟན་པ་རིན་ཆེན་བཤད་སྒྲུབ་རྒྱལ་མཚན་བསྒྲེངས། །

ལྷ་མིན་བདུད་སྡེའི་ཚོགས་རྣམས་རབ་བཅོམ་སྟེ། །

རྣམ་པར་རྒྱལ་བ་ཆེན་པོར་འཚོ་གཞེས་གསོལ། །

 

དེ་ལྟར་གསོལ་བ་བཏབ་པའི་ཚིག་འདི་དག །

ཇི་བཞིན་འགྲུབ་པར་བླ་མ་རྩ་གསུམ་དང་། །

ཆོས་སྐྱོང་ནོར་ལྷ་གཏེར་བདག་ཚོགས་རྣམས་ཀྱི། །

བྱིན་རླབས་བཀྲ་ཤིས་ཆར་གྱིས་དགེ་ལེགས་ཤོག །

 

ཅེས་པའང་མགོན་པོ་མཆོག་གི་ཞལ་སློབ་གསེར་བླ་འཇིགས་མེད་རྡོ་རྗེས་རྟེན་བཅས་བསྐུལ་བ་དང་། རང་ཉིད་ཀྱང་རྗེ་ཉིད་ལས་གསུང་གི་བདུད་རྩི་ནོས་ཤིང་ཡིད་དང་བ་ཆེན་པོས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྨོན་ཚིག་ཏུ་གསོལ་བ། རྗེ་བཙུན་བླ་མའི་ཞབས་པད་ཡུན་དུ་བརྟན་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept