Prayer for Dagchen Rinpoche and Son—Tibetan

Practices › Long-Life Prayers | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། | བོད་ཀྱི་བླ་མ།ས་སྐྱ་བདག་ཆེན་རིན་པོ་ཆེ།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Sakya Dagchen Rinpoche with Manjuvajra Rinpoche

Further information:
Download this text:

༄༅། །དཔལ་ལྡན་ས་སྐྱ་པ་ཡབ་སྲས་གཉིས་ཀྱི་ཞབས་བརྟན་བཞུགས་སོ།།

 

ང༵ག་དབ༵ང་ལྷ་རིགས་འཁོན་གྱི་སྲས་སུ་འཁྲུངས། །

ཀུན༵་དགའི༵་བསྟན་པ་ཕྱོགས་བརྒྱར་སྤེལ་བའི་མགོན། །

ཟླ་མེད་བསོ༵ད་ནམ༵ས་གྲུབ་མཆོག་དབང་པོ་ཉིད། །

ཞབས་པད་བརྟན་ཅིང་མཛད་ཕྲིན་རྒྱས་གྱུར་ཅིག །

 

འཇ༵མ་དབྱང༵ས་མཁྱེན་པའི་གཟི་འོད་སྟོང་འཕྲོ་བས། །

ལྷར་བཅས་འགྲོ་ཀུན༵་དགའ༵་བའི་གཙུག་གི་ནོར། །

དབང༵་གི་རྒྱལ༵་པོ་བློ༵་གྲོས༵་མ༵ཐུ་སྟོབས༵་ཆེ། །

བདུད༵་ཚོགས་འདུལ༵་བའི་རྡོ་རྗེ་ཞབས་བརྟན་གསོལ། །

 

ཞེས་པའང་ཆོས་ཀྱི་བློ་གྲོས་པས་ཕུལ་བའོ།།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept