Consecration of Scattering Grain—Tibetan

Practices › Consecration | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

༄༅། །འཐོར་ནས་སྒྲུབ་ཚུལ་བཞུགས།

 

གནས་ཆོག་བསྡུས་པའི་ཐུབ་དབང་གི་མཚན་སྔགས་ཅུང་ཟད་བཟླས་ནས།  རྟེན་སྙིང་བཟླ་བར་བྱ་སྟེ།  །

ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷཱ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝྃ་ཝཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ།

ཐུབ་དབང་འཁོར་བཅས་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་རྟེན་འབྲེལ་སྙིང་པོའི་གཟུངས་སྔགས་ཀྱི་ཕྲེང་བས་བསྐོར་བ་དེ་ལས་འོད་ཟེར་འཕྲོས།  །

རྒྱལ་བ་སྲས་བཅས་ཀྱི་མཁྱེན་བརྩེ་ནུས་པའི་བྱིན་བརླབ་ཐམས་ཅད་བསྡུས་ནས་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ།

དེ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པས་སྣོད་བཅུད་ཀྱི་རྟེན་འབྲེལ་ཉེས་ཚོགས་ཐམས་ཅད་ཞི།

ཚེ་དང་བསོད་ནམས་ཡེ་ཤེས་ཡོན་ཏན་ཐམས་ཅད་རྒྱས་པར་བྱས།

སྔགས་ཀྱི་འོད་ཟེར་རྣམས་ཟླུམ་པོར་འཁྱིལ་བའི་གུར་ཁང་དུ་བདག་གཞན་བསྲུང་བྱ་ཐམས་ཅད་ཚུད་པར་གྱུར་པར་མོས་ལ་རྟེན་སྙིང་བཟླའོ།  །

ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷཱ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝྃ་ཝཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ།

 

ཞེས་ཆུ་འབྲུག་དབོ་ཟླའི་དཀར་ཕྱོགས་ཀྱི་ཚེས་བཟང་པོར་ཆོས་ཀྱི་བློ་གྲོས་པས་སྦྱར་བའོ།  །དགེ་ལེགས་འཕེལ།།   །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept