Symbols, Substances and Emblems Empowerment—Tibetan

Deities › Akṣobhya | Collections & Cycles › Longsal Dorje Nyingpo | Practices › Empowerment | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Eight Auspicious Substances

༄༅། །རྫས་རྟགས་སྣ་བདུན་དབང་གི་ལྷན་ཐབས།

 

སྐྱབས་སུ་འགྲོ་བ་ནི།

དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།  །

སྡིག་པ་ཐམས་ཅད་སོ་སོར་བཤགས།  །

འགྲོ་བའི་དགེ་ལ་རྗེས་ཡི་རང་།  །

སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་།  །

སངས་རྒྱས་ཆོས་དང་ཚོགས་མཆོག་ལ།  །

བྱང་ཆུབ་བར་དུ་སྐྱབས་སུ་མཆི།  །

རང་གཞན་དོན་གཉིས་རབ་སྒྲུབ་ཕྱིར།  །

བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།  །

བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས།  །

སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར།  །

བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི།  །

འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག  །

ཅེས་པ་དང་དེ་ནས་རང་གཞུང་པ་འཇུག་པར་བྱའོ།  །

༁ྃ༔  རྟགས་བརྒྱད་ནི།

ཧཱུྃ༔  སངས་རྒྱས་བསོད་ནམས་རྫོགས་པའི་མཚན་དཔེ་ལས༔

ལེགས་པར་བྱུང་བའི་བཀྲ་ཤིས་རྟགས་བརྒྱད་ཀྱི༔

དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་བས༔

བཀྲ་ཤིས་ཡོན་ཏན་ཕུན་སུམ་ཚོགས་པར་ཤོག༔

ཨཊྚ་མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུྃ༔

རྫས་བརྒྱད་ནི༔

སྔོན་ཚེ་བཅོམ་ལྡན་ཐུབ་པའི་དབང་པོ་ལ༔

བསོད་ནམས་མཐུ་ལྡན་ཚངས་པ་ལ་སོགས་པས༔

ཕུལ་བའི་ཡོན་ཏན་རྫས་མཆོག་བཀྲ་ཤིས་ཀྱི༔

དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་རོ༔

མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུྃ༔

སྣ་བདུན་ནི༔

འཁོར་ལོས་སྒྱུར་རྒྱལ་མཐུས་བྱུང་རྒྱལ་སྲིད་བདུན༔

དེང་འདིར་སྐལ་ལྡན་བུ་ལ་མངའ་གསོལ་བའི༔

དབང་མཆོག་བསྐུར་བའི་བསོད་ནམས་ཚོགས་རྫོགས་ཏེ༔

འཁོར་ལོས་སྒྱུར་བའི་ཡོན་ཏན་ཐོབ་པར་ཤོག༔

མ་ཎི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔

གཏེར་གཞུང་ལས་སོ།  །

ཤིས་བརྗོད་བྱ་བ་ནི།

མི་འཁྲུགས་རྒྱལ་པོ་སྲིད་དང་གཏི་མུག་རྣམ་སྦྱོངས་བ།  །

མགོན་པོ་ཡོན་ཏན་ཐམས་ཅད་རྫོགས་པའི་བཀྲ་ཤིས་གང་ཡིན་དང་།  །

དགེ་མཉམ་བསམ་སེམས་རྫོགས་པའི་བཀྲ་ཤིས་གང་ལགས་པ།  །

བཀྲ་ཤིས་དེས་ཀྱང་དེང་འདིར་ཞི་བྱེད་ལེགས་གྱུར་ཅིག  །།།

 

དྲི་མེད་ཞིང་གིས་བསྒྲིགས་པའི་མི་འཁྲུགས་པའི་ཆོ་ག་ལས་སོ།།   །།མངྒ་ལཾ།  །དགེ་ལེགས་འཕེལ།།   །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept