བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

དཀོན་མཆོག་རྩ་གསུམ་སོགས་ཀྱི་ལམ་བསང་།

English | བོད་ཡིག

༄༅། །དཀོན་མཆོག་རྩ་གསུམ་སོགས་ཀྱི་ལམ་བསང་།

 

ཨོཾ་ཨཱཿཧཱུྃཿ

དཀོན་མཆོག་རྩ་གསུམ་ཆོས་སྐྱོང་ནོར་ལྷ་དང་། །

གནས་གཏེར་བདག་པོ་གཞི་བདག་ཚོགས་རྣམས་དང་། །

ཁྱད་པར་སྒྲོལ་མ་པད་འབྱུང་འོད་ཟེར་ཅན། །

མ་གཅིག་དཔལ་ལྷ་ཞིང་སྐྱོང་དུར་ཁྲོད་བདག །

གཡུ་སྒྲོན་ཚེ་རིང་མ་དང་ཐང་ལྷ་དང་། །

གེ་སར་རྡོར་ལེགས་ལ་སོགས་ལམ་སྲུང་རྣམས། །

འདོད་ཡོན་བདུད་རྩིའི་སྐྱེམས་ཕུད་འདི་བཞེས་ལ། །

རྣལ་འབྱོར་བདག་ཅག་སྲུངས་ཤིང་སྐྱོབས་པ་དང་། །

ཁ་འཛིན་རྒྱབ་བརྟེན་སྡོང་གྲོགས་མཛད་དུ་གསོལ། །

དགྲ་ཇག་ཆོམ་རྐུན་གནོད་པ་ཐམས་ཅད་བཟློག །

བདག་ཅག་གར་འགྲོ་གར་གནས་བཀྲ་ཤིས་ཤོག །

 

ཅེས་པའང་ཤིང་ལུག་ཟླ་༦ཚེས་ལ་སོག་གི་གད་དམར་ཡར་རྒྱབ་རྟ་རྒྱུགས་ཐང་དུ་བྲིས་པའོ།། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept