Verses of Auspiciousness—Tibetan

Practices › Auspiciousness | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

English | Français | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

The Eight Auspicious Symbols

༄༅། །ཤིས་ཚིག་སངས་རྒྱས་ཉི་མ་སོགས།

 

སངས་རྒྱས་ཉི་མ་འཇིག་རྟེན་གསུམ་དུ་གསལ། །

དམ་ཆོས་ཟླ་བས་སྲིད་པའི་རིམས་ནད་སེལ། །

དགེ་འདུན་ནོར་བུའི་འོད་ཀྱིས་ས་སྟེང་ཁྱབ། །

མཆོག་གསུམ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །

 

བླ་མའི་བཀྲ་ཤིས་བྱིན་རླབས་སྤྲིན་ཕུང་འཁྲིགས། །

ཡི་དམ་བཀྲ་ཤིས་དངོས་གྲུབ་སྦྲང་ཆར་འབེབས། །

མཁའ་འགྲོའི་བཀྲ་ཤིས་ལས་བཞིའི་སྙེ་མ་སྨིན། །

རྩ་གསུམ་རབ་འབྱམས་རྒྱ་མཚོའི་བཀྲ་ཤིས་ཤོག །

 

ཆོས་སྐུའི་བཀྲ་ཤིས་སྟོང་ཆེན་དབྱིངས་ཀྱི་མཁར། །

ལོངས་སྐུའི་བཀྲ་ཤིས་མཚན་དཔེའི་མེ་ཏོག་བཀྲ། །

སྤྲུལ་སྐུའི་བཀྲ་ཤིས་འཁོར་འདས་ཅིར་ཡང་འཕྲོས། །

སྐུ་གསུམ་ཞིང་ཁམས་རྒྱ་མཚོའི་བཀྲ་ཤིས་ཤོག །

 

ཚེ་དཔག་མེད་མགོན་གངས་རིའི་ལྷུན་པོ་ལ། །

འཕགས་མའི་ཐུགས་རྗེ་ཟླ་བས་འཁྱུད་པ་ལ། །

རྣམ་པར་རྒྱལ་མའི་བཀྲ་ཤིས་སྣང་བ་རྒྱས། །

འཆི་མེད་ཚེ་ལྷ་གསུམ་གྱི་བཀྲ་ཤིས་ཤོག། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept