བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཨ་ཕྱི་མཆེད་ལྔའི་གསོལ་མཆོད་མདོར་བསྡུས།

English | བོད་ཡིག

༄༅། །ཨ་ཕྱི་མཆེད་ལྔའི་གསོལ་མཆོད་མདོར་བསྡུས།

 

ཨོཾ་ཨཱཿཧཱུྃ།

མཆོད་གཏོར་ཡེ་ཤེས་ཀྱི་བདུད་རྩི་འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བར་གྱུར།

 

ཀྱཻ། རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །

སངས་རྒྱས་བསྟན་སྐྱོང་དངོས་གྲུབ་མཆོག་སྩོལ་ཕྱིར། །

དབྱིངས་ཕྱུག་ཡུམ་ལྔའི་སྒྱུ་འཕྲུལ་དྲྭ་བའི་གར། །

ཨ་ཕྱི་མཆེད་ལྔ་འཁོར་བཅས་འདིར་གཤེགས་ཤིག །

 

ཕྱི་ནང་གསང་བ་བླ་མེད་མཆོད་སྤྲིན་དང་། །

ཡེ་ཤེས་བདུད་རྩིའི་གཏོར་མ་འདི་བཞེས་ལ། །

རྩ་བརྒྱུད་བླ་མས་བཀའ་བསྒོས་དམ་བཞག་ལྟར། །

སངས་རྒྱས་བསྟན་སྲུང་བསྟན་འཛིན་སྐུ་ཚེ་བསྲིངས། །

 

བསྟན་པའི་སྦྱིན་བདག་མངའ་ཐང་ཕྱོགས་བཅུར་སྤེལ། །

ནད་མུག་མཚོན་འཁྲུགས་འབྱུང་བཞིའི་འཇིགས་པ་སོལ། །

སྣོད་བཅུད་ཀུན་ཏུ་ཕན་བདེའི་དགེ་མཚན་བསྐྱེད། །

རྣམ་བཞིའི་ཕྲིན་ལས་ཡིད་བཞིན་འགྲུབ་པར་མཛོད། །

 

ཅེས་པའང་ལྷུན་གྲུབ་སྟེང་གི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྐུ་བཅར་གྲྭ་ཚངས་རྣམས་ཀྱི་ཐུགས་བཞེད་ལྟར་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ཞིང་བཀྲ་ཤིས་སོ།། །།

 

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

Achi Chökyi Drolma

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept