Prayer to Khyentse Wangpo—Tibetan

Practices › Prayers | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

༄༅། །འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་གསོལ་འདེབས་བཞུགས། །

 

འཇ༵མ་པའི་དབྱང༵ས་སོགས་སྲས་བཅས་རྒྱལ་ཀུན་གྱི། །

མཁྱེ༵ན་བརྩེ༵་ནུས་གསུམ་གཅིག་ཏུ་བསྡུས་པའི་དངོས། །

མཁས་གྲུབ་དབ༵ང་པོ༵་དཔལ་ལྡན་བླ་མ་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

 

འདི་ཕྱི་བར་དོའི་སྡུག་བསྔལ་ཞི་བ་དང་། །

ཚེ་བསོད་དཔལ་འབྱོར་མཐུན་རྐྱེན་ལེགས་ཚོགས་རྒྱས། །

འབྲེལ་ཚད་འགྲོ་ཀུན་བདེ་ཅན་ཞིང་ཁམས་སུ། །

བྱང་ཆུབ་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །

 

ཞེས་པའང་དད་པ་དང་ལྡན་པས་གསོལ་བ་བཏབ་པའི་ངོར། མཁྱེན་བརྩེའི་དབང་པོ་རང་ཉིད་ཀྱིས་བྲིས་པ་དགེ།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept