Seven-Heap Maṇḍala Offering—Tibetan

Practices › Maṇḍala Offering | Collections & Cycles › Compendium of Sādhanas | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

English | Español | བོད་ཡིག

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

Mount Sumeru

༄༅། །མཎྜལ་བསྡུས་པ་ཚོམ་བུ་བདུན་པ།

 

ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ།

གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི།

ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ།

ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུྃ།

རིའི་རྒྱལ་པོ་རི་རབ།

ཤར་ལུས་འཕགས་པོ།

ལྷོ་འཛམ་བུ་གླིང༌།

ནུབ་བ་ལང་སྤྱོད།

བྱང་སྒྲ་མི་སྙན།

ཉི་མ།

ཟླ་བ།

ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་ཆུབ་སེམས་དཔའ་དམ་པ་ཆོས་སྐྱོང་པའི་སྲུང་མ་གནོད་སྦྱིན་ནོར་ལྷའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །

ཐུགས་རྗེས་འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ།

བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །

ཞེས་དབུལ་ལོ། །

གྲངས་གསོག་ལྟ་བུའི་སྐབས།

དེ་ཉིད་ཤིན་ཏུ་བསྡུས་པ་ཚིགས་བཅད་དུ་བསྡེབས་པ་ནི།

ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །

རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །

སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །

འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །

ཅེས་དབུལ། གང་ལྟར་ཡང་མཐར་མཎྜལ་གྱི་སྔགས།

ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ།

ཞེས་ཀྱང་བརྗོད་དོ། །

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept