བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཕྲིན་ལས་དབེན་གནས་ལ་ཆ་ཙམ་བསྔགས་པའི་གསོལ་སྨོན་བཀྲ་ཤིས་དུང་དཀར་གཡས་འཁྱིལ།

English | བོད་ཡིག

༄༅། །ཕྲིན་ལས་དབེན་གནས་ལ་ཆ་ཙམ་བསྔགས་པའི་གསོལ་སྨོན་བཀྲ་ཤིས་དུང་དཀར་གཡས་འཁྱིལ་ཞེས་བྱ་བ། །

དཔལ་ཆེན་བདུད་འདུལ་སེང་གེ་སྒྲ་སྒྲོགས་ཀྱི་གཟུངས་མ། །
མོན་ཁ་ནེ་རིང་ལྗོངས་སུ་ཕྲིན་ལས་ཀྱི་བཀའ་བབས། །
མཁར་ཆེན་རིགས་འཁྲུངས་ཡེ་ཤེས་མཚོ་རྒྱལ་གྱི་མཚན་འཆང་། །
བསད་པའི་མོ་རོ་བསླང་བའི་གྲུབ་ཆེན་དེ་དྲན་ནོ། །

མ་བྲིས་ཕུར་པའི་དཀྱིར་འཁོར་མཚོ་ཆུང་གི་ནང་ལ། །
མ་བཟོས་ཕུར་པའི་རང་བྱུང་གསང་གསུམ་གྱི་བཀའ་རྟགས། །
མ་བཞེངས་ཕུར་པའི་གཞལ་ཡས་ཀེའུ་ཚང་གི་བ་གམ། །
མ་བྱས་རང་བྱུང་ལྷུན་གྲུབ་གནས་མཆོག་དེར་འདུད་དོ། །

འདེབས་བྱེད་ཕུར་བཞི་གདབ་པའི་བདུད་བཞི་ལ་ལེགས་ཐེབས། །
ཚད་བཞི་རྫོགས་ནས་སྐྱོན་བཞི་ཉེས་པ་ལས་རབ་གྲོལ། །
ཡོན་ཏན་བཞི་རྫོགས་བར་ཆད་བདུད་བཞི་ཡི་འཕྲང་སྒྲོལ། །
རིག་འཛིན་བཞི་འགྲུབ་སྐུ་བཞིའི་གོ་འཕང་དེ་ཐོབ་ཤོག །

གདུལ་བྱ་སྐྱེ་བ་བཞི་བསྡུས་མཁའ་ཁྱབ་ཀྱི་ཡིད་ཅན། །
གདུལ་བྱེད་ཚད་མེད་བཞི་ཡིས་རྒྱུ་རྐྱེན་ལ་བསྟེན་ནས། །
གདུལ་ཐབས་ཕྲིན་ལས་བཞི་ཡི་གང་འདུལ་གྱི་མཛད་པ། །
འདུལ་ནས་ཡེ་ཤེས་བཞི་པོ་བདེ་བླག་ཏུ་འགྲུབ་ཤོག །

ཅེས་སྔ་སོར་མཆོག་གི་སྤྲུལ་སྐུས་གསུངས་བཞེད་དང་། ཉེ་ཆར་གནས་དངོས་སུ་ནི་ཕྱིན་མ་ནུས། བརྒྱུད་ནས་ཕྲིན་ལས་གནས་མཆོག་དང་མགོ་འབྲེལ་བའི་ཆུ་རྒྱུན་རྟག་བབས་ཀྱི་འདབས་རོལ་ཚོགས་མཆོད་ཕུར་བའི་རྗེས་འབྲེལ་དུ་གུ་རུ་ཡབ་ཡུམ་ལ་མི་ཕྱེད་དད་པའི་པདྨ་ཕྲིན་ལས་སྙིང་པོས་སྨོན་པ་དགེ།། །།

ཇོ་སྐྱབས་པདྨ་འཕྲིན་ལས་སྙིང་པོ།

Sengé Dzong

གནས་ཚུལ་འཕར་མ།

BDRC Author Profiles: P7650 P7695

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept