Prayer to Parṇaśavarī—Tibetan

Deities › Parṇaśavarī | Practices › Prayers | བོད་ཀྱི་བླ་མ།ཀརྨ་ཆགས་མེད།

English | བོད་ཡིག

ཀརྨ་ཆགས་མེད།

Parṇaśavarī

Further information:
Download this text:

༄༅། །ལྷ་མོ་པརྞ་ཤ་ཝ་རིའི་གསོལ་འདེབས།

 

ན་མོ་པི་ཤ་ཙི་ཡེ།

དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ། །

ཡུམ་ཆེན་ཤེས་རབ་ཕར་ཕྱིན་མ། །

གཟུགས་ཀྱི་སྐུར་སྟོན་འགྲོ་བའི་མགོན། །

ལོ་མ་གྱོན་མར་ཕྱག་འཚལ་བསྟོད། །

 

གྲངས་མེད་གོང་ནས་སངས་རྒྱས་ཀྱང་། །

ས་བརྒྱད་སེམས་མའི་ཚུལ་སྟོན་ཞིང་། །

རྒྱལ་བའི་ཕྲིན་ལས་སྒྲུབ་མཛད་མ། །

གསེར་མདོག་ཅན་མར་ཕྱག་འཚལ་བསྟོད། །

 

རྒྱ་གར་རི་ཁྲོད་མདངས་དགའ་བར། །

ཤིང་ལོ་གསར་པའི་གོས་མནབས་ནས། །

འཕགས་པ་མི་ཕམ་སྒྲུབ་མཛད་མ། །

རིག་སྔགས་གྲུབ་མ་ཁྱོད་ཕྱག་འཚལ། །

 

གདུག་རྩུབ་ཐམས་ཅད་ཞི་མཛད་ཅིང་། །

བཀྲ་ཤིས་བདེ་ལེགས་སྦྱིན་མཛད་མ། །

པརྞ་ཤ་ཝ་རི་ཞེས་པའི། །

ལྷ་མོ་ཁྱོད་ལ་ཕྱག་འཚལ་བསྟོད། །

 

བདག་དང་སློབ་མ་བརྒྱུད་པར་བཅས། །

ལྷ་མོ་ཁྱོད་ལ་སྐྱབས་གསོལ་གྱིས། །

ཡམས་ནད་རིམས་ནད་ཕྱུགས་ནད་ལས། །

རྟག་ཏུ་ཁྱོད་ཀྱིས་བསྲུང་བར་མཛོད། །

 

ཅེས་པ་འདི་ཞི་བའི་སྦྱིན་སྲེག་བརྒྱ་རྩ་བླུག་སྐབས། ལོ་མ་གྱོན་མ་མང་དུ་བླུགས་དུས། བུད་མེད་གསེར་བཙོ་མའི་མདོག་ཅན་ཤིན་ཏུ་རྒྱས་ཤིང་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་མཇལ་བས། དེ་རང་གི་ཨ་མ་ཡིན་སྙམ་ནས་ནུ་མ་ནུས་པར་རྨིས་པ་ལ་བརྟེན་ནས་ཨ་རཱ་གས་བྲིས་པའོ༎ ༎

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept