The Character of the True Nature of Reality—Tibetan
༄༅། །འདི་ལྟར་ཆོས་ཉིད་སོགས།
འདི་ལྟར་ཆོས་ཉིད་ཀྱི་གཤིས་ནི་ཡོད་དེ་བལྟར་མི་མངོན། མེད་རེ་རྒྱ་མ་ཆད། གཉིས་ཀའི་ཕྱོགས་སུ་མ་ལྷུང། དབུ་མར་བཟུང་བའང་མེད་པས་ཐོག་མཐའ་དང་། སྐྱེ་འགག་འགག་དང་། འགྲོ་འོང་དང་། དུས་གསུམ་དང་། མཐའ་དབུས་དང་། རྩོལ་བསྒྲུབ་ལས་འདས་པ་གང་ཞིག་ལ་དགྲོལ་དགྲོལ་བའི་གཞི་མེད་དེ། ཆུའི་རི་མོ་ལྟར་ངང་གིས་རང་གྲོལ་བའི་ཕྱིར། དཀྲོལ་བའི་རྐྱེན་མི་འཇུག་སྟེ་ཆོས་འདི་ཀུན་ཏུ་འགྲོ་བའི་ཕྱིར་དང་། གཞི་དང་རྩ་བ་མེད་པ། སྨྲ་བསམ་བརྗོད་འདས་ཀྱི་ཀློང་ན་རང་གསལ་མངོན་སུམ་པའི་ལྷག་མཐོང་དང་ལྷན་ཅིག་པ་ཉིད་ལ་ཉོན་མོངས་པ་དང་། རྣམ་པར་རྟོག་པའི་ཚོགས་གདོད་ནས་ཡོད་མ་མྱོང་། མེད་མ་མྱོང་། སྤངས་པས་མི་སྤོངས། སྦྱངས་པས་མི་བྱང༌། བསྒྱུར་བས་མི་འགྱུར། གྲོལ་བས་མི་གྲོལ་བ་ཉིད་དུ་མ་རྟོགས་ན་སྤོང་བྱ་སྤོང་བྱེད་ལ་སོགས་པའི་གཉིས་ཆོས་ཐམས་ཅད་རྫས་གཅིག་པས་དག་གྲོལ་གཉིས་སུ་མི་རུང་ངོ་།།
༈ ཨེ་མ་སེམས་ཉིད་རིག་པའི་ངོ་བོ་སྟེ། །མ་བཅོས་མ་བསླད་རང་སར་རང་བབས་ཞོག །རང་སེམས་མ་བཅོས་རིག་པ་གཅེར་བུ་འདི། །རྒྱལ་བ་རྣམས་ཀྱི་ཐུགས་དང་ཡེ་ནས་མཉམ། །ཞེས་སོ། །སྒོམ་མེད་རིག་པ་ལྷུན་གྲུབ་ཆེན་པོ་ནི། །བཅའ་བཅོས་མ་བྱེད་རིག་བསྲུང་ངང་དུ་ཞོག །ཞེས་སོ།།