བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

བི་མ་སྙིང་ཐིག་བརྒྱུད་འདེབས།

English | བོད་ཡིག

༄༅། །བི་མ་སྙིང་ཐིག་བརྒྱུད་འདེབས།

 

ཨོཾ་ཨཱཿཧཱུྃ།

ཀུན་ཏུ་བཟང་པོ་ལོངས་སྐུ་རྡོ་རྗེ་འཆང༌། །

རྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ་དང༌། །

འཇམ་དཔལ་བཤེས་གཉེན་རིག་འཛིན་ཤྲཱི་སེང༌། །

ཛྙཱ་ན་སུ་ཏྲ་པཎ་ཆེན་བཱི་མ་ལ། །

པདྨ་ཐོད་ཕྲེང་ཆོས་རྒྱལ་ཁྲི་ལྡེའུ་བཙན། །

ཡེ་ཤེས་མཚོ་རྒྱལ་ལོ་ཆེན་བཻ་རོའི་ཞབས། །

ཏིང་འཛིན་བཟང་པོ་གནས་བརྟན་ལྡང་མ་བ། །

སེང་གེ་དབང་ཕྱུག་རྒྱལ་བ་ཞང་སྟོན་པ། །

མཁས་པ་ཉི་འབུམ་གུ་རུ་ཇོ་འབེར་དང༌། །

སེང་གེ་རྒྱབ་པ་ཟླ་བ་མུན་སེལ་དང༌། །

ཀུ་མ་རཱ་ཛ་ཀུན་མཁྱེན་ཀློང་ཆེན་པ། །

འཇིགས་མེད་གླིང་པ་རྒྱལ་བའི་མྱུ་གུ་དང༌། །

ཆོས་ཀྱི་དབང་པོ་བསྟན་པའི་ཉི་མའི་ཞབས། །

པདྨ་ལས་འབྲེལ་རྩལ་ལ་གསོལ་བ་འདེབས། །

 

བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས་རྣམས་ལ། །

མི་ཕྱེད་སྙིང་ནས་གསོལ་བ་འདེབས་པ་ན། །

ཐུགས་དམ་དགོངས་པ་གཡེལ་བ་མེད་པ་དང༌། །

ཐུགས་རྗེས་འཇུག་པས་རྗེས་སུ་བཟུང་ནས་སུ། །

དོན་བརྒྱུད་དགོངས་པའི་བྱིན་རླབ་སྩལ་དུ་གསོལ། །

 

རྨོག་སྤྲུལ་ཀུན་བཟང་རྒྱ་མཚོའི་ངོར་པདྨ་ལས་འབྲེལ་རྩལ་གྱིས་སོ།། །།

 

མཁན་ཆེན་ངག་དབང་དཔལ་བཟང་།

དྲི་མེད་བཤེས་གཉེན།

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept