The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

The Story of Bhikṣuṇī Huiyao—Tibetan

English | བོད་ཡིག

༄༅། །དགེ་སློང་མ་ཧེ་ཡ།

སྐུ་ལུས་མེ་མཆོད་མཛད་དེ་རིང་བསྲེལ་འབོ་དོ་བབས་པའི་རྒྱ་ནག་གི་མེ་མཆོད་ཐེངས་དང་པོ་མཛད་མཁན་དགེ་སློང་མ་ཧེ་ཡ། ལྷོར་ཐང་རྒྱལ་རབས་ཀྱི་སྐབས་སུ། སྒོས་ཅན་ད་ལྟའི་སི་ཁྲོན་ཞིང་ཆེན་གྱི་མངའ་གཏོགས་པའི་ཡོང་ཁང་དགོན་གྱི་དགེ་སློང་ཧེ་ཡ། ཁྱིམ་རེས་ཀྲོས། ཤེས་ཕེན་གྱི་མི། ཆུང་དུས་ནས་རབ་ཏུ་བྱུང་། དཀོན་མཆོག་ལ་དད་པ་ཤིན་ཏུ་བརྟན་པོ་ཡོད། དམ་ཆོས་སྒྲུབ་པ་ལ་སྙིང་རུས་ཆེ་བ་ཞིག་ཡིན། དུས་རྒྱུན་དུ་དཀོན་མཆོག་གསུམ་ལ་རང་ལུས་འབུལ་ཐུབ་པར་སྨོན་ལམ་བཏབ་ཅིང་། དམ་བཅའ་ཡང་ཡང་མཛད། ཐེངས་གཅིག་སྐུ་ལུས་མེ་མཆོད་པའི་གྲ་སྒྲིག་པའི་སྐབས་སུ། མི་ཞིག་གིས་དེའི་སྐབས་ཀྱི་སྲིད་གཞུང་གི་འགོ་བ་ནས་ལ་ཡར་ཞུ་བྱས། ནས་འགོ་བས་ཡིད་མ་ཆེས་ནས་སུ་གསོན་མ་འདོད་ན་ཤི་ཆོག་ཟེར་ལ། ཡུལ་གྲོང་མི་ཙ་ལེ་ཨེན་ཟེར་བ་ཕྱུག་པོ་ཞིག་གི་ཆུང་མ་ཝང་གིས་དགེ་སློང་མས་དཀོན་མཆོག་ལ་མེ་བསྲེག་མཆོད་པ་ཐོས་ནས། ངོ་མཚར་ཏེ་མོ་ལ་མཆོད་རྟེན་ཞིག་བཞེངས་པའི་བཞེངས་དངུལ་གྲ་སྒྲིག་པ་མ་ཟད་མོ་ལ་ཁྱེད་ཟླ་བ་བཅུ་གཉིས་པའི་གནམ་གང་གི་མཚན་མོ་མེ་མཆོད་མཛོད་དང་། ངའི་སྤུན་མཆེད་རྣམས་ཁྲིད་དེ་ཁྱེད་ལ་མཐུན་རྐྱེན་ཀུན་སྒྲུབ་ཅེས་འཕྲིན་བསྐུར། མོ་རང་གིས་ཀྱང་དེ་ལ་ཐག་བཅད། འོན་ཀྱང་ནས་འགོ་བས་དེ་རྣམས་ཐོས་ནས་ངོ་མ་ཡིན་ཤེས་ནས་ཁོ་ལ་གོང་མས་ཁྲིམས་ཆད་ཕོག་པ་ལ་སྐྲག་སྟེ། ཁོས་མི་མངགས་ནས་ཡོང་ཨན་དགོན་པ་ལ་རང་སྲོག་བཏང་ན་དགོན་པ་ལ་ཁྲིམས་ཆོད་ནན་པོ་ཕོག་ཅེས་བཀའ་བསྒྲགས། དེ་ཕྱིར་ཧེ་ཡས་མེ་མཆོད་དེ་ཕྱིར་འཐེན་མི་བྱེད་ཀ་མེད་བྱུང་། ལོ་ ༤༧༧ ལོ་ཉིན་ཞིག་ཧེ་ཡས་སྣུམ་རེས་སྐུ་ལུས་དཀྲིས་ནས་དགོན་པའི་ནང་གི་ས་སྟོང་ཞིག་ཏུ་སྐུ་ལུས་ལ་མེ་སྤར་ནས་མེས་ངོ་གདོང་ལ་ཕོག་སྐབས། མོས་ཁྱེད་རྣམ་ པས་ངའི་རུས་པ་རྣམས་ཉར་ཚགས་དང་། འབོ་དོའམ་དངུལ་བུམ་གང་ཡོད་གསུང་བཞིན་སྐུ་གཤེགས། དེའི་ཟླ་བ་གཉིས་ཙམ་སྔོན་དུ་བུ་ཆུང་གཞོན་ནུ་ཞལ་ངོ་མཛེས་པ་མཐོང་མ་མྱོང་བ་ཞིག་ཧེ་ཡ་ལ་ངའི་ཨ་ཅེ་ཁྱེད་བུམ་པ་འདི་བྱིན་ཞེས་དངུལ་བུམ་ཞིག་གནང་སྟེ། མི་སྣང་བར་གྱུར་སོང་། དགེ་སློང་མ་ཧེ་ཡའི་གདུང་རུས་རྣམས་ཐམས་ཅད་རིང་བསྲེལ་དུ་གྱུར་འདུག །མི་མང་མི་ཉུང་འབོ་དོ་ཤོང་བའི་དངུལ་བུམ་དེའི་གང་ཏག་ཏག་འདུག་པས་ཀུན་གྱིས་ངོ་མཚར་ཞིང་དད་པར་གྱུར།

མཁན་མོ་ཟླ་བ་སྒྲོལ་མས་རྒྱ་ནག་གི་ཡི་གེ་ལས་བོད་ཡིག་ཏུ་བསྒྱུར།

མཁན་མོ་ཟླ་བ་སྒྲོལ་མ།

Larung Ārya Tāre Book Association

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept