Jomo Ta Wu—Tibetan
༄༅། །ཇོ་མོ་ཏ་བོས།
ཆིན་རྒྱལ་རབས་ཀྱི་མཇུག་ཞིག་ཏུ། ལན་ཐོང་ཐུགས་རྗེ་ཆེན་པོའི་ཇོ་དགོན་ནང་དུ་ཏ་བོས་ཞེས་པའི་ཇོ་མོ་ཞིག་ཡོད། སྒྲུབ་པ་ཉམས་ལེན་ལ་བརྩོན་འགྲུས་ཧ་ཅང་ཆེ། གཞན་ཕན་ལ་སྤྲོ་བ་ཆེ་བ་ཞིག་ཡིན། གནས་དེ་ནས་མཚན་གྲགས་ཅན་ཞིག་ཀྱང་ཡིན། ཇོ་མོ་ཏ་བོས་ཁྱིམ་རུས་ཡན་ཡིན། སྤྱི་ལོ་༡༨༥༤ལོ་ལན་ཐུང་ནས་སྐུ་འཁྲུངས་ཆུང་དུས་ཕ་མ་གཉིས་ཀྱིས་ཙ་ཚང་ལ་མནའ་མར་སྦྱིན། གནའ་མ་མ་སོང་སྔོན་དུ་ཁྱོ་ཀ་ནད་ཀྱིས་ཤི། མོས་དེ་ལས་གཞན་དུ་མནའ་མ་མི་འགྲོ་བའི་དམ་བཅའ་བྱས། ལོ་ཉི་ཤུ་ཙམ་གྱི་དུས་མོ་ལྷོ་ཕྱོགས་ཐུགས་རྗེ་ཆེན་པོའི་ཇོ་དགོན་ནང་དུ་སྐྲ་བཅད་དེ་རབ་ཏུ་བྱུང་། ཏ་བོས་རབ་ཏུ་བྱུང་རྗེས་དཀའ་སྡུག་ཐམས་ཅད་ཁྱད་དུ་བསད་དེ། ཇོ་དགོན་ལ་ཆུ་ཁུར་བ། འབྲས་བཀྲུ་བ། ཤིང་གཅོད་པ།ཟས་གཡོ་བ་སོགས་ལས་ཀ་ཐམས་ཅད་གང་བབས་བབས་བྱས། དམ་ཆོས་ཉམས་སུ་ལེན་པ་ཤིན་ཏུ་བརྩོན་པ་ཆེ། སྔ་ལང་ཕྱི་ཉལ་བྱས་ཏེ་དམ་ཆོས་ལ་འབད། ལེ་ལོ་གཏན་དུ་སྤངས་ནས་འོད་མཚན་བཟླས། མོས་རྒྱུན་དུ་གཞན་ལ་སངས་རྒྱས་ཀྱི་ཆོས་ནི་ཆེས་ཆེ་བ་ཡིན།ཆོས་ལ་འཇུག་པའི་སྒོ་ཚད་མེད་ཀྱང་། དག་ཞིང་བའི་ཆོས་སྒོ་འདི་ཤིན་ཏུ་མྱུར། ཕྱག་འཚལ་བ་དང་ཁ་འདོན་འདོན་པ། སྒོམ་རྒྱག་པ། སྤོས་མཆོད་པ་སོགས་ཆོས་སྤྱོད་ཀུན་སྒྲིབ་པ་སྦྱང་བའི་ཐབས་ཡིན། ཁྱེད་ཅག་གིས་སྒྲིབ་པ་དག་ནས་གྲུབ་པ་ཐོབ་སླ་བར་བྱ་དགོས་སོ་ཞེས་གསུངས། རྗེས་ནས་རིམ་གྱིས་ཏ་བོས་མཚན་སྙན་རྒྱས་པར་འགྱུར། དེའི་སྐབས་ཐུགས་ཆེན་ཇོ་དགོན་གྱི་ཕྱི་ནང་ལྷ་ཁང་ཀུན་ཞིག་རལ་སོང་བ་མཐོང་ནས། རང་གི་རྒྱུ་རྫས་རྣམས་བསགས་ནས་ཕྱི་ཕྱི་ནང་ནང་ཀུན་ཞིག་གསོ་བྱས།ཚོད་ཞིང་ཆེན་པོ་ཞིག་རྨོས་ནས་དེར་བཞུགས་པའི་ཡོན་མཆོད་ཀུན་ལ་གསོལ་བ་ཕུལ། དུས་རྒྱུན་དུ་དཀའ་ངལ་ཅན་སུ་མཐོང་ན་དེ་ལ་སྦྱིན་པ་གནང་། སྐུ་ཚེའི་མཇུག་ཏུ་མོ་རང་གིས་ཚེ་རིང་པོ་མེད་པ་ཤེས་ནས་མྱུར་བར་བོ་གྲུ་འཛིན། དཔའ་རི་རྩེ་དགུ་རྣམས་སུ་གནས་མཇལ་ལ་ཕེབས། སྐབས་སྐབས་སུ་བཀྲ་ཤིས་པའི་རྟགས་མཚན་མང་པོ་མཐོང་བས་རང་གི་བསམ་པ་ཀུན་ཆོས་བཞིན་འགྲུབ་པས་སྤྲོ་བ་ཚད་མེད་སྐྱེས། སྤྱི་ལོ་༡༩༢༧ལོའི་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། མོ་སྐུ་ལུས་ལ་ན་ཚ་གང་ཡང་མེད་པའི་ངང་དུ་འདི་ལྟར་ཚིགས་སུ་བཅད་པ་ཞིག །འཇིག་རྟེན་བྱ་བ་ཐམས་ཅད་ཆམ་གྱིས་བཞག་ནས་ནི། །རྩེ་གཅིག་བཟླས་བརྗོད་ཁོ་ན་འབད་ན་ཡང་དག་སེམས། །དྲན་རྫོགས་གཅིག་གིས་མི་མཇེད་སྡུག་སྡིག་ཀུན་ལས་བརྒལ། །འདོད་ཆགས་ཞེ་སྡང་གཏི་མུག་ཞེས་པ་ཀུན་སྤངས་ཟིན། །ལུས་ལ་གོས་གཅིག་མེད་པར་གཅེར་བུ་འོད་གསལ་སྐུ། །ཆོས་སྐུ་མངོན་གྱུར་འཁོར་བའི་སྡུག་བསྔལ་ཀུན་ལས་གྲོལ། །བདེ་བ་ཆེན་པོ་ཐོབ་སྟེ་ཡང་དག་སྨོན་ལམ་ཀུན་རྫོགས་བྱ། །ཞེས་བྲིས་ཏེ་སློབ་བུ་རྣམས་ལ་སངས་རྒྱས་བྱང་སེམས་རྣམས་བསུ་མ་ལ་ཕེབས་ཡོད་པ་ངས་མཐོང་བས་ང་འགྲོ་རན་གསུང་བཞིན་སྐུ་སྐྱིལ་ཀྲུང་བཞུགས་བཞིན་ཞི་བར་གཤེགས། སྐུ་བཞུས་ཏེ་རིང་བསྲེལ་ལྔ་རྙེད། མཁན་མོ་ཟླ་བ་སྒྲོལ་མས་རྒྱ་ནག་གི་ཡི་གེ་ལས་བོད་ཡིག་ཏུ་བསྒྱུར།