Tāre Lhamo Long-Life Prayer—Tibetan

Practices › Long-Life Prayers | བོད་ཀྱི་བླ་མ།མཁན་ཆེན་འཇིགས་མེད་ཕུན་ཚོགས། | བོད་ཀྱི་བླ་མ།མཁའ་འགྲོ་ཏཱ་རེ་ལྷ་མོ།

English | བོད་ཡིག

མཁན་ཆེན་འཇིགས་མེད་ཕུན་ཚོགས།

མཁའ་འགྲོ་ཏཱ་རེ་ལྷ་མོ།

Further information:
Download this text:

༄༅། །ཏཱ་རེ་ལྷ་མོའི་ཞབས་བརྟན།

 

ཨེ་མ་ཧོ།

སྐུ་གསུམ་རྒྱལ་བའི་ཡུམ་གཅིག་མཁའ་སྤྱོད་མ། །

ཞིང་འདིར་འགྲོ་ངོར་མི་མོའི་གཟུགས་བཟུང་ནས། །

དཔག་ཡས་ཕན་བདེའི་སྒོ་འཕར་འབྱེད་པའི་གཉེན། །

ཏཱ་རེ་དེ་ཝིའི་ཞབས་ལ་གསོལ་བ་འདེབས། །

 

རགས་ལུས་མི་ཤིགས་དྭངས་མའི་དཔྱིད་དུ་སྨིན། །

ལས་རླུང་གཡོ་བ་དྷཱུ་ཏིའི་ལྷུམས་སུ་ཞུགས། །

ཀུན་རྟོག་གཡོ་བ་ཆོས་སྐུའི་ངོ་བོར་སྨིན། །

ཁྱེད་དང་སྐལ་བ་མཉམ་པར་བྱིན་གྱིས་རློབས། །

 

གང་སྐུ་འཕོ་མེད་རྡོ་རྗེའི་ཆོས་བདུན་ལྡན། །

ཚེ་མཐའ་ཡས་པའི་མགོན་བཞིན་འཚོ་བཞེས་གསོལ། །

བཟང་པོའི་ཕྲིན་ལས་རྟ་བདུན་ཟེར་ཕྲེང་གིས། །

འགྲོ་ཁམས་ལྷ་ལམ་ཁྱོན་ཀུན་འགེངས་གྱུར་ཅིག །

 

ཅེས་ངག་དབང་བློ་གྲོས་མཚུངས་མེད་ཀྱིས་ཐོལ་བྱུང་དུ་གསོལ་བ་བཏབ་པ་རྒྱལ་བ་སྲས་བཅས་རྣམས་ཀྱི་བདེན་པའི་མཐུས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག། །དགེའོ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept