བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཕྲིན་བཅོལ།

English | བོད་ཡིག

༄༅། །ཕྲིན་བཅོལ།

 

རིན་པོ་ཆེའི་སྣོད་དུ་གཏོར་མ་ཤ་ཆང་གིས་བརྒྱན་པ་བཤམས་ལ། ནམ་མཁའ་མཛོད་སྔགས་ཀྱིས་བྱིང་གྱིས་བརླབས།

ཀྱཻ། སྔོན་ཚེ་དབང་དྲག་པདྨ་ཧེ་རུ་ཀས། །

ཨ་སུ་ར་ཡི་བྲག་ཕུག་ག་ལ་བར། །

དུས་སྦྱོར་བཅུ་གཉིས་གནས་སུ་དག་པའི་གཟུགས། །

ཕུར་སྲུང་དམ་ཅན་མ་མོ་བཅུ་གཉིས་ལ། །

དབང་བསྐུར་དམ་མནོས་ཕྲིན་ལས་གཉེར་གཏད་པའི། །

ཐ་ཚིག་གཉན་པོ་རྗེས་སུ་དྲན་མཛོད་ལ། །

དམ་རྫས་དཔལ་གྱི་གཏོར་མ་འདི་བཞེས་ནས། །

འགྲོ་ཀུན་བདེ་ཞིང་སྐྱིད་པའི་ཕྲིན་ལས་མཛོད། །

ཐ་མ་སྔགས་འཆང་རྡོ་རྗེ་བདུད་འཇོམས་ལ། །

ཁྱབ་བདག་འཇམ་དཔལ་བློ་ལྡན་མཆོག་སྲེད་ཀྱིས། །

རིག་པ་རྩལ་གྱི་དབང་ཆེན་སྐུར་དུས་སུ། །

འཛམ་གླིང་སེང་ཆེན་ནོར་བུ་དགྲ་འདུལ་རྩལ། །

དཔའ་རྟུལ་དྭངས་སྨན་སྲུང་མའི་ཚོགས་རྣམས་ཀྱིས། །

ཅི་བཅོལ་ལས་རྣམས་བསྒྲུབ་པར་ཁས་བླངས་པའི། །

ཐ་ཚིག་གཉན་པོ་རྗེས་སུ་དྲན་མཛོད་ལ། །

དམ་རྫས་དཔལ་གྱི་གཏོར་མ་འདི་བཞེས་ནས། །

གངས་ཅན་སྐྱབས་གཅིག་མིག་མི་འཛུམ་པའི་གར། །

སྐུ་ཚེ་བརྟན་ཅིང་མཛད་ཕྲིན་ཕྱོགས་བཅུར་རྒྱས། །

རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །

ཚར་གཅོག་རྗེས་སུ་འཛིན་པའི་ཕྲིན་ལས་ཀུན། །

མ་ཐོགས་ད་ལྟ་ཉིད་དུ་མངོན་ཕྱུང་ལ། །

བསྟན་དང་འགྲོ་ལ་ཕན་པའི་དོན་སྒྲུབ་མཛོད། །

ས་མ་ཡ་ཧོ༔

 

ཞེས་རྐྱེན་ཕྲན་བུ་ཞིག་གིས་བསྐུལ་ནས་བལ་ཡུལ་ཨ་སུ་རའི་བྲག་ཕུག་ཏུ་ངག་དབང་བློ་གྲོས་མཚུངས་མེད་ཀྱིས་སྨྲས་རིམ་བཞིན་སྡོམ་བརྩོན་སྡེ་སྣོད་འཛིན་པ་མཁན་པོ་རྣམ་གྲོལ་གྱིས་ཡི་གེར་སྤེལ་བའོ།། །།

 

མཁན་ཆེན་འཇིགས་མེད་ཕུན་ཚོགས།

Two-armed Vajrakīlaya

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept