བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཕུར་པ་མགུལ་ཁུག་མའི་ཆ་ཤས་མེ་མཆོད་འདོད་དགུའི་དཔལ་སྩོལ།

English | བོད་ཡིག

༄༅། །ཕུར་པ་མགུལ་ཁུག་མའི་ཆ་ཤས་མེ་མཆོད་འདོད་དགུའི་དཔལ་སྩོལ་བཞུགས།

 

ན་མོ་གུ་རུ་ཡེ།

འདིར་སྐབས་སུ་གང་འདུས་པའི་མཆོད་རྫས་རྣམས་བཤམས་ལ།

ཧོ། འདོད་ཡོན་དྲུག་ལྡན་མཆོད་པའི་རྫས། །

ངོ་བོ་ཟག་མེད་ཡེ་ཤེས་ལ། །

རྣམ་པ་ཀུན་བཟང་མཆོད་པའི་སྤྲིན། །

དཔལ་ཆེན་མཉེས་པའི་སྤྲིན་དུ་ཤར། །

ཨོཾ་ཨཱཿཧཱུྃ་ཧོས་བྱིན་གྱིས་བརླབས།

མེ་སྦར་ལ།

རཾ། ཡེ་ཤེས་མེ་ལྷ་གོས་དཀར་མོ། །

བསྐལ་པའི་མེ་ལྟར་འབར་བའི་ཀློང་། །

དཔལ་ཆེན་རྡོ་རྗེ་སྲིན་པོའི་སྐུ། །

རབ་འཇིགས་བཛྲ་ཀཱི་ལ་ཡ། །

རྒྱན་དང་ཆ་ལུགས་ཡོངས་རྫོགས་པའི། །

རྡོ་རྗེ་དབང་པོའི་གྲོང་ཁྱེར་དུ། །

འདོད་ཡོན་ལོངས་སྤྱོད་རྒྱན་དུ་རོལ། །

དགྱེས་ཤིང་ཐུགས་དམ་སྐོང་གྱུར་ཅིག །

བདག་གི་ཡིད་ལ་གང་འདོད་པའི། །

དོན་རྣམས་མྱུར་དུ་འགྲུབ་པར་མཛོད། །

ཨོཾ་བཛྲ་ཀཱི་ལ་ཡ་ས་པཱ་རི་ཝཱ་ར་མ་ཧཱ་པུ་ཛ་ཁཱ་ཧི་ཁཱ་ཧི། སརྦ་སིདྡྷི་ཕ་ལ་ཧཱུྃ།

ཅི་མང་བསགས་མཐར་མདུན་བསྐྱེད་རྟེན་དང་བརྟེན་པ་རྣམས་རང་ལ་ཐིམ་པས་དཔལ་ཆེན་པོ་དང་སྐལ་བ་མཉམ་པའི་དངོས་གྲུབ་ཐོབ་པར་བསམས་ལ་དགེ་བ་བྱང་ཆུབ་ཏུ་བསྔོ་བར་བྱའོ། །

 

ཞེས་པ་འདི་ནི་རབ་བྱུང་བཅུ་བདུན་པའི་ལྕགས་རྟ་ཟླ་བ་ ༥ ཚེས་ ༢༦ ལ། ༧གོང་ས་༧སྐྱབས་མགོན་ཆེན་པོའི་སྤྱན་སྔར་ཐོན་སྐབས་བདག་པདྨ་དབང་ཆེན་དགྱེས་པའི་རྡོ་རྗེའི་རིག་ཀློང་ནས་རྡོལ་བ་བཞིན་༧གོང་ས༧སྐྱབས་མགོན་ཆེན་པོས་ཕྱག་བྲིས་མཛད་པའོ། །ཡོངས་ལ་དགེ་བར་གྱུར་ཅིག། །།

 

མཁན་ཆེན་འཇིགས་མེད་ཕུན་ཚོགས།

Two-armed Vajrakīlaya

གནས་ཚུལ་འཕར་མ།

BDRC Author Profiles: P7774 P1649

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept