Six Aspirations to Be Continually Recited—Tibetan

Practices › Aspiration Prayers | བོད་ཀྱི་བླ་མ།ཀློང་ཆེན་རབ་འབྱམས།

English | Deutsch | Français | བོད་ཡིག

ཀློང་ཆེན་རབ་འབྱམས།

ཀློང་ཆེན་རབ་འབྱམས།

Further information:
Download this text:

༄༅། །རྟག་ཏུ་གདབ་པའི་སྨོན་ལམ་རྣམ་དྲུག

 

གང་དུ་སྐྱེས་པའི་སྐྱེ་བ་ཐམས་ཅད་དུ། །

མཐོ་རིས་ཡོན་ཏན་བདུན་ལྡན་ཐོབ་པར་ཤོག །

 

སྐྱེ་མ་ཐག་ཏུ་ཆོས་དང་འཕྲད་གྱུར་ཅིང༌། །

ཚུལ་བཞིན་བསྒྲུབ་པའི་རང་དབང་ཡོད་པར་ཤོག །

 

དེར་ཡང་བླ་མ་དམ་པ་མཉེས་བྱེད་ཅིང༌། །

ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །

 

ཆོས་རྟོགས་ནས་ནི་སྙིང་པོའི་དོན་བསྒྲུབ་སྟེ། །

ཚེ་དེར་སྲིད་པའི་རྒྱ་མཚོ་བརྒལ་བར་ཤོག །

 

སྲིད་པར་དམ་པའི་ཆོས་རབ་སྟོན་བྱེད་ཅིང༌། །

གཞན་ཕན་བསྒྲུབ་ལ་སྐྱོ་ངལ་མེད་པར་ཤོག །

 

རླབས་ཆེན་གཞན་དོན་ཕྱོགས་རིས་མེད་པ་ཡིས། །

ཐམས་ཅད་ཕྱམ་གཅིག་སངས་རྒྱས་ཐོབ་པར་ཤོག །

 

ཅེས་མན་ངག་མཛོད་ལས་བཏུས་སོ།།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept