Garab Dorje Guru Yoga—Tibetan

Practices › Guru Yoga | བོད་ཀྱི་བླ་མ།མི་ཕམ་རིན་པོ་ཆེ། | འཕགས་ཡུལ་གྱི་སྐྱེས་བུ་དམ་པ།དགའ་རབ་རྡོ་རྗེ།

English | 中文 | བོད་ཡིག

མི་ཕམ་རིན་པོ་ཆེ།

དགའ་རབ་རྡོ་རྗེ།

Further information:
Download this text:

༄༅། །དགའ་རབ་རྡོ་རྗེའི་བླ་མའི་རྣལ་འབྱོར་ཡེ་ཤེས་ཆར་འབེབ་བཞུགས།

 

ཨཱ། བདག་གི་སྤྱི་གཙུག་པད་ཟླའི་གདན་སྟེངས་སུ། །

དཔལ་ལྡན་རྡོ་རྗེ་སེམས་དཔའ་སྤྲུལ་པའི་སྐུ། །

དགའ་རབ་རྡོ་རྗེ་དཀར་གསལ་སྤྲུལ་སྐུའི་ཆས། །

མཚན་དཔེའི་དཔལ་འབར་ཆོས་འཆད་ཕྱག་རྒྱ་ཅན། །

རབ་འབྱམས་སྐྱབས་ཀུན་འདུས་པའི་ངོ་བོར་དམིགས། །

སྙིང་ནས་གདུང་ཤུགས་དྲག་པོས་གསོལ་བཏབ་པས། །

ཐུགས་རྒྱུད་དགོངས་པའི་བྱིན་རླབས་འཕོས་པར་བསམ། །

ཡང་ཟབ་བླ་མའི་སྙིང་པོ་རྟག་ཏུ་བསྒྲང་། །

ཨོཾ་ཨཱཿམ་ཧཱ་གུ་རུ་པྲ་ཧེ་བཛྲ་ཛྙ་ན་སིདྡྷི་ཧཱུྂ།

བྱིན་རླབས་ཡེ་ཤེས་དངོས་གྲུབ་མྱུར་དུ་ཐོབ། །

 

འཇམ་དཔལ་རྡོ་རྗེས་སྤེལ་བ་མངྒ་ལཾ། །མེ་བྱ་ཟླ་༡༠ཚེས་༡༦ལའོ། །དགེ།།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept