Prayer to the Great Trulshik—Tibetan

Practices › Prayers | བོད་ཀྱི་བླ་མ།ངག་དབང་བསྟན་འཛིན་ནོར་བུ། | བོད་ཀྱི་བླ་མ།འཁྲུལ་ཞིག་མདོ་སྔགས་གླིང་པ།

English | བོད་ཡིག

ངག་དབང་བསྟན་འཛིན་ནོར་བུ།

འཁྲུལ་ཞིག་མདོ་སྔགས་གླིང་པ།

Further information:
Download this text:

༄༅། །འཁྲུལ་ཞིག་ཆེན་པོའི་འཁྲུངས་རབས་གསོལ་འདེབས།

 

ཨོཾ་ཨཱཿཧཱུྃ།

ལྕང་ལོ་ཅན་དུ་མཐུ་སྟོབས་གསང་བའི་བདག །

སྟོན་པའི་དུས་སུ་ཉེ་གནས་ཀུན་དགའ་བོ། །

སྲོང་བཙན་དུས་སུ་ཆོས་བློན་སྒར་སྟོང་བཙན། །

ཨོ་རྒྱན་དུས་སུ་བཻ་རོ་ཙཱ་ན་དང་། །

སྡིག་རྒྱལ་འདུལ་ཕྱིར་ལྷ་ལུང་དཔལ་རྡོ་རྗེ། །

མི་ལའི་དུས་སུ་རས་ཆུང་རྡོ་རྗེ་གྲགས། །

གསང་བདག་བཀའ་བབས་ལས་ཀྱི་རྡོ་རྗེའི་ཞབས། །

ལྷོ་བྲག་མཁར་ཆུར་མེ་ལོང་རྡོ་རྗེ་དང་། །

དབེན་གནས་ཞྭ་དེའུར་འཁྲུལ་ཞིག་ཀུན་བསོད་སོགས། །

གཅིག་བསྡུས་འཁོར་ལོའི་མགོན་པོ་བྱ་བཏངས་པ། །

ཀུན་བཟང་མཐོང་གྲོལ་རྡོ་རྗེར་གསོལ་བ་འདེབས། །

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept