བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ལ་བསྟོད་པ།

English | བོད་ཡིག

༄༅། །གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ལ་བསྟོད་པ།

 

ན་མོ་གུ་རུ་ཝེ། །

རྒྱལ་བས་ལུང་བསྟན་བརྩོན་འགྲུས་བཟང་པོའི་ཞབས། །

རྒྱ་བོད་ཡུལ་གྲུ་ཀུན་ཏུ་བརྟུལ་ཞུགས་ཀྱི། །

སྤྱོད་མཛད་ཐང་སྟོང་རྒྱལ་པོར་སྙན་པར་གྲགས། །

ཨོ་རྒྱན་གཉིས་པའི་ཞབས་ལ་གསོལ་བ་འདེབས། །

 

སྐུ་གསུང་ཐུགས་རྟེན་ཆུ་ལ་ལྕགས་ཟམ་སོགས། །

རྣམ་པར་དཀར་བའི་དགེ་ཚོགས་དཔག་མེད་ཀྱིས། །

སྔོན་མེད་ཉི་མ་གསར་བའི་དགེ་མཚན་ཅན། །

གྲུབ་ཆེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །

 

མགོན་ཁྱོད་གུས་པས་གསོལ་བ་བཏབ་པའི་མཐུས། །

ཆོས་མཐུན་ཚེ་དཔལ་བསོད་ནམས་རབ་རྒྱས་ཤིང་། །

ཚོགས་གཉིས་རྒྱ་མཚོ་ཡོངས་སུ་རྫོགས་གྱུར་ཏེ། །

སྟོབས་བཅུ་མངའ་བའི་གོ་འཕང་མྱུར་ཐོབ་ཤོག། །།

 

ཅེས་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་བསྟོད་པ་གྲུབ་ཐོབ་དེ་ཉིད་བཏབ་པའི་དགོན་པ་སྡེ་དགེའི་ལྷུན་གྲུབ་སྟེང་དུ་དམ་པ་དེ་ཉིད་བཞུགས་ཁྲིའི་དྲུང་དུ་སངས་རྒྱས་ཕུན་ཚོགས་ཀྱིས་བྲིས་པ་དགེ་ལེགས་འཕེལ།། །།

 

ངོར་མཁན་ཆེན་སངས་རྒྱས་ཕུན་ཚོགས།

ཐང་སྟོང་རྒྱལ་པོ།

གནས་ཚུལ་འཕར་མ།

BDRC Author Profiles: P796 P2778

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept