བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ནང་སྒྲུབ་རིག་འཛིན་འདུས་པའི་རྒྱུན་ཁྱེར།

English | 中文 | བོད་ཡིག

༄༅། །ནང་སྒྲུབ་རིག་འཛིན་འདུས་པའི་རྒྱུན་ཁྱེར་བཞུགས་སོ།།

 

བླ་མ་རིག་འཛིན་འདུས་པ་ལ་ན་མོ།

 

ན་མོ༔ བདག་དང་མཐའ་ཡས་སེམས་ཅན་ཀུན༔

མཆོག་གསུམ་ངོ་བོ་བླ་མ་དང་༔

རིག་འཛིན་རྒྱ་མཚོའི་དཀྱིལ་འཁོར་ལ༔

སྙིང་ནས་དད་པས་སྐྱབས་སུ་མཆི༔

 

ཧོ༔ རིག་འཛིན་དཀྱིལ་འཁོར་འདིར་ཞུགས་ནས༔

ཕ་མ་འགྲོ་དྲུག་སེམས་ཅན་ཀུན༔

ཚད་མེད་སྙིང་རྗེས་སྒྲོལ་བའི་ཕྱིར༔

སྨོན་འཇུག་དོན་དམ་བྱང་སེམས་བསྐྱེད༔

 

ཧཱུྃ༔ མ་བཅོས་རིག་པ་སྟོང་གསལ་ངང་༔

ལྷག་མཐོང་སྣང་ཆའི་རྟེན་འབྲེལ་ཀུན༔

ལྷུན་གྲུབ་དག་པ་རབ་འབྱམས་ཀྱི༔

དཀྱིལ་འཁོར་ཆེན་པོར་ལྷུན་རྫོགས་དབུས༔

སྣ་ཚོགས་པདྨ་ཉི་ཟླའི་སྟེང་༔

ཧཱུྃ་ལས་སྐད་ཅིག་དྲན་རྫོགས་སུ༔

བདག་ཉིད་སངས་རྒྱས་ཀུན་གྱི་དངོས༔

སྣང་སྲིད་ཟིལ་གནོན་པདྨ་འབྱུང་༔

ཞལ་གཅིག་ཕྱག་གཉིས་དཀར་དམར་མདངས༔

ཐེག་གསུམ་རྫོགས་པའི་བརྡ་རྟགས་སུ༔

ཕོད་ཁ་ཆོས་གོས་བེར་འདུང་མནབས༔

ཕྱག་གཡས་རྡོ་རྗེ་རྩེ་ལྔ་བསྡིགས༔

གཡོན་པས་བྷནྡྷ་ཚེ་བུམ་བསྣམས༔

མཆན་ཁུང་གཡོན་ན་ལྷ་ལྕམ་མཛེས༔

དབུ་ལ་པདྨའི་མཉེན་ཞུ་གསོལ༔

རྒྱལ་པོ་རོལ་པའི་སྟབས་སུ་འགྱིངས༔

 

སྤྱི་བོར་ཚེ་དཔག་མེད་ཡབ་ཡུམ༔

མཉམ་པར་སྦྱོར་བའི་ཁ་གསང་ནས༔

བདེ་ཆེན་བྱང་སེམས་བདུད་རྩིའི་རྒྱུན༔

བབ་པས་ལུས་གང་བདེ་བས་མྱོས༔

རྡོ་རྗེའི་སྲོག་ལ་དབང་ཐོབ་དམིགས༔

 

ཐུགས་ཀར་པདྨ་ཉི་ཟླའི་སྟེང་༔

ཧཱུྃ་ཡིག་མཐིང་གའི་མཐའ་སྐོར་དུ༔

སྔགས་ཕྲེང་སྤུ་ཤད་ལྟ་བུས་བསྐོར༔

འོད་ཟེར་འཕྲོས་པས་སྣོད་བཅུད་སྦྱངས༔

རྣམ་དག་ལྷ་ཡི་དལ་དུ་བསྒོམ༔

མ་གྲུབ་བར་དུ་མི་གཏང་ངོ་༔

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔

ཚེ་བསྙེན་ནི

ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨ་ཡུརྫྙཱ་ན་མ་ཧཱ་པུཎྱཻ་ཚེ་བྷྲུྃ་ནྲྀ་ཛ་སརྦ་སིདྡྷི་ཧཱུྃ༔

ཚེ་འགུགས་ནི།

ཨོཾ། རང་སྣང་ཟངས་མདོག་དཔལ་གྱི་རི༔

ལྔ་ལྡན་རང་བྱུང་ཕོ་བྲང་ནས༔

བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔

དཔལ་ཆེན་གྲུབ་པའི་རིག་འཛིན་བརྒྱད༔

རྩ་བརྒྱུད་བླ་མ་ཡི་དམ་ལྷ༔

མཁའ་འགྲོ་ཆོས་སྐྱོང་སྲུང་མར་བཅས༔

ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔

འཁོར་འདས་ལམ་གསུམ་བཅུད་བསྡུས་ལ༔

བླ་ཚེ་ཆད་ཉམས་ཡར་བ་ཀུན༔

ཡེ་ཤེས་ཀློང་དགུའི་དབྱིངས་སུ་བསྐྱིལ༔

 

འགྱུར་མེད་སྲོག་གི་ཀ་བ་ཚུགས།

ཚེ་མདའ་འདི་ལ་ཚད་གཅིག་སྟོན༔

སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུར༔

སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལ༔

སྔགས་བརྗོད།

རྡརྨཱ་དྷརྟུ་བཛྲ་རཀྵ༔

 

པདྨ་མ་ཎིས་སོ།།

བཀྲ་ཤིས།།

 

རིག་འཛིནདཔལ་ཆེན་འདུས་པ།

རིག་འཛིན་འདུས་པ།

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept