Calling the Guru from Afar—Tibetan

Practices › Calling the Guru from Afar | བོད་ཀྱི་བླ་མ།ཞབས་དཀར་ཚོགས་དྲུག་རང་གྲོལ།

English | བོད་ཡིག

ཞབས་དཀར་ཚོགས་དྲུག་རང་གྲོལ།

ཞབས་དཀར་ཚོགས་དྲུག་རང་གྲོལ།

Further information:
Download this text:

༄༅། །བླ་མ་རྒྱང་འབོད་བཞུགས་སོ།།

 

བླ་མ་མཁྱེན།

བླ་མ་མཁྱེན།

བླ་མ་མཁྱེན།

 

རིགས་རྣམས་ཀུན་གྱི་བདག་པོ། །

དཀྱིལ་འཁོར་ཀུན་གྱི་གཙོ་བོ། །

བརྟན་གཡོ་ཀུན་གྱི་ཁྱབ་བདག །

འཁོར་འདས་ཀུན་གྱི་དཔལ་མགོན། །

དྲིན་ཅན་རྩ་བའི་བླ་མ། །

ཐུགས་རྗེའི་སྤྱན་གྱི་གཟིགས་ཤིག །

 

མ་རིག་མུན་པས་བསྒྲིབས་ལ། །

ཐུགས་རྗེའི་སྤྱན་གྱི་གཟིགས་ཤིག །

 

འཆི་བ་ཡོང་སྙམ་མེད་ལ། །

ཐུགས་རྗེའི་སྤྱན་གྱི་གཟིགས་ཤིག །

 

ལྟོ་གོས་ཞེན་པ་ཅན་ལ། །

ཐུགས་རྗེའི་སྤྱན་གྱི་གཟིགས་ཤིག །

 

བློ་བསྐྱེད་ཡོང་རྒྱུ་མེད་ལ། །

ཐུགས་རྗེའི་སྤྱན་གྱི་གཟིགས་ཤིག །

 

སྐྱབས་མགོན་ཁྱེད་རང་མ་གཏོགས། །

རེ་ས་གཞན་ན་མི་འདུག །

འདི་ཕྱི་བར་དོ་གང་དུ། །

ཐུགས་རྗེའི་སྤྱན་གྱི་གཟིགས་ཤིག །

 

ཅེས་བླ་མ་རྒྱང་འབོད་འདི་ནི་དད་ཅན་སྙིང་གར་རྒྱལ་ལ་གདམས་པའོ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept