The Sunlight of Pure Perception—Tibetan

Schools & Systems › Nonsectarianism | Literary Genres › Songs and Poems | བོད་ཀྱི་བླ་མ།ཞབས་དཀར་ཚོགས་དྲུག་རང་གྲོལ།

English | བོད་ཡིག

ཞབས་དཀར་ཚོགས་དྲུག་རང་གྲོལ།

ཞབས་དཀར་ཚོགས་དྲུག་རང་གྲོལ།

Further information:
Download this text:

༄༅། །དག་སྣང་གི་ཉི་འོད།

གངས་ཅན་ཁྲོད་དུ་སྔོན་གྱི། །
དམ་པ་གོང་མའི་དྲིན་ལས། །
ཟབ་ཆོས་མང་པོ་དར་ཀྱང་། །
ཆོས་པ་ཕལ་གྱིས་ཚ་གྲང་། །
བཞིན་དུ་འགལ་བར་བཟུང་ནས། །
སྡང་ཞེན་ཕྱོགས་རིས་བྱེད་པ། །

དམ་པ་འགའ་རེས་ཞལ་ནས། །
དབུ་མ་རྫོགས་ཆེན་ཕྱག་ཆེན། །
ཀ་ར་བུ་རམ་སྦྲང་རྩི། །
གང་གི་གང་བཟང་རེད་གསུང་། །

དེས་ན་བདག་གིས་ཀུན་ལ། །
ཕྱོགས་མེད་ཐོས་བསམ་བྱེད་པའི། །
སྡང་ཞེན་ཕྱོགས་རིས་མཁན་གྱིས། །
བདག་ལ་བཀའ་བཀྱོན་མ་གནང་། །

དབུ་མ་རྫོགས་ཆེན་ཕྱག་ཆེན། །
ལྷུན་སྟུག་རབ་དཀར་གངས་ལ། །
དག་སྣང་ཉི་འོད་བརྡལ་ན། །
བྱིན་རླབས་ཆུ་རྒྱུན་འབྱུང་ངེས། །

This website uses cookies to collect anonymous usage statistics and enhance the user experience.
Decline
Accept