Vajrasattva Visualization and Recitation—Tibetan

Deities › Vajrasattva | བོད་ཀྱི་བླ་མ།ཞབས་དཀར་ཚོགས་དྲུག་རང་གྲོལ།

English | བོད་ཡིག

ཞབས་དཀར་ཚོགས་དྲུག་རང་གྲོལ།

རྡོ་རྗེ་སེམས་དཔའ།

Further information:
Download this text:

༄༅། །རྡོར་སེམས་བསྒོམ་བཟླས་སྡིག་སྒྲིབ་འཁྲུ་བའི་ཆུ་རྒྱུན།

 

སྤྱི་བོར་པད་དཀར་ཟླ་སྟེང་དུ། །

བླ་མ་རྡོ་རྗེ་སེམས་དཔའ་བཞུགས། །

སྐུ་ལས་བདུད་རྩིའི་ཆུ་རྒྱུན་འབབས། །

རང་གི་སྡིག་སྒྲིབ་དག་པར་གྱུར། །

ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡཾཿ ཀུ་རུ་ཧཱུྂ༔ ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ

ཞེས་ཡིག་བརྒྱ་བཟླས་མཐར།

རྡོར་སེམས་འོད་ཞུ་རང་ལ་ཐིམ། །

རང་ཉིད་རྡོ་རྗེ་སེམས་དཔར་གྱུར། །

རང་ལས་འོད་འཕྲོས་འགྲོ་ལ་ཕོག །

འགྲོ་ཀུན་རྡོ་རྗེ་སེམས་དཔར་གྱུར། །

ཨོཾ་བཛྲ་སཏྭ་ཧུྃ།

ཞེས་སྙིང་པོ་ཅི་མང་བཟླས་མཐར།

དགེ་བ་འདི་ཡིས་མྱུར་དུ་བདག །

རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །

འགྲོ་བ་གཅིག་ཀྱང་མ་ལུས་པ། །

དེ་ཡི་ས་ལ་འགོད་པར་ཤོག །

 

ཅེས་རྡོར་སེམས་བསྒོམ་བཟླས་སྡིག་སྒྲིབ་འཁྲུ་བའི་ཆུ་རྒྱུན་འདི་ནི་སློབ་བུ་མང་པོ་ལ་༧་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་གནས་ཆེན་གངས་རི་ནས་སྦྱར་བའོ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept