བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

མཚོ་རྒྱལ་གསོལ་འདེབས་བསྡུས་པ།

English | བོད་ཡིག

༄༅། །མཚོ་རྒྱལ་གསོལ་འདེབས་བསྡུས་པ།

 

ཨེ་མ་ཧོ།

མ་ཅིག་ཡེ་ཤེས་མཁའ་འགྲོ་མ། །

སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་གྱིས །

བོད་ཁམས་ཡོངས་ཀྱི་མ་རུ་སྤྲུལ །

ད་ལྟ་བུ་ཡིས་གསོལ་བ་འདེབས །

 

ཐུགས་རྗེའི་སྤྱན་གྱིས་ཉེར་གཟིགས་ཏེ། །

གནས་སྐབས་བཞི་ཡི་སྒྲིབ་པ་དག །

སྨིན་བྱེད་དབང་བཞིས་རྒྱུད་སྨིན་ཅིང༌། །

གྲོལ་བྱེད་བསྐྱེད་རྫོགས་མཐར་ཕྱིན་མཛོད། །

 

བོད་ཁམས་བསྐལ་ངན་རྒུད་པ་ཞི། །

བདེ་སྐྱིད་རྫོགས་ལྡན་དཔལ་ལ་སྤྱོད། །

རྒྱལ་བསྟན་སྤྱི་དང་སྔ་འགྱུར་བའི། །

བསྟན་པ་དར་རྒྱས་ཡུན་གནས་མཛོད། །

 

པདྨ་དྲི་མེད་པས་སོ།།

 

ཞེ་ཆེན་ཀོང་སྤྲུལ་པདྨ་དྲི་མེད་ལེགས་པའི་བློ་གྲོས།

ཡེ་ཤེས་མཚོ་རྒྱལ།

གནས་ཚུལ་འཕར་མ།

BDRC Author Profiles: P744 P7695

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept