Prayer for Sumatra—Tibetan

Practices › Aspiration Prayers | བོད་ཀྱི་བླ་མ།ཞེ་ཆེན་རབ་འབྱམས་རིན་པོ་ཆེ།

English | བོད་ཡིག

ཞེ་ཆེན་རབ་འབྱམས་རིན་པོ་ཆེ།

Dharmakīrti of Suvarṇadvīpa

Further information:
Download this text:

༄༅། །གསེར་གླིང་བསྟན་རྒྱས་སྨོན་ལམ།

 

ཨོཾ་སྭསྟི། །

ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་དང་། །

ཁྱད་པར་དྷརྨ་ཀིརྟིའི་བྱིན་རླབས་ཀྱིས། །

འགྲོ་ཀུན་གཏན་གྱི་བདེ་བ་ལ་འགོད་པའི། །

བྱང་ཆུབ་ལམ་བཟང་ཐུན་མིན་ཐེག་པ་ཆེ། །

དར་བའི་སུ་མ་ཏ་ར་གསེར་གླིང་འདིར། །

བསྟན་པ་སྤྱི་དང་ལྷག་པར་བློ་སྦྱོང་ལམ། །

འཛམ་གླིང་སྐྱེ་དགུའི་བསོད་ནམས་བགོ་སྐལ་དུ། །

སྔར་བཞིན་དར་རྒྱས་ལོངས་སུ་སྤྱོད་པ་ཡི། །

སྐལ་བཟང་དཔལ་ལ་རྟག་ཏུ་རོལ་པར་ཤོག །

 

ཅེས་པའང་མཉམ་མེད་གསེར་གླིང་པས་བྱིན་གྱིས་བརླབས་པའི་གནས་སུ་མ་ཏ་རའམ་གསེར་གླིང་དུ་སྲིབ་མདའ་དགེ་སྤྲུལ་རྣམ་དག་ཆོས་དབྱིངས་ནས་གདན་ཞུ་མཛད་པ་ལྟར་ཡུལ་ཁམས་འདིར་བསྐྱོད་པའི་སྐབས་དད་ལྡན་འགྱུར་མེད་ཆོས་གྲགས་༼ཇས་སན་༽ནས་བསྐུལ་ངོར་ཞེ་ཆེན་རབ་འབྱམས་བདུན་པས་ཆུ་ཡོས་ཟླ་ ༡༠ ཚེས་ ༢༤ ལ་སྨོན་པ་དགེ །

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept