Prayer to Khandro Tsering Chödrön—Tibetan

Practices › Prayers | བོད་ཀྱི་བླ་མ།དར་ཐང་སྤྲུལ་སྐུ་ཀུན་དགའ་དགེ་ལེགས་ཡེ་ཤེས་རྡོ་རྗེ། | བོད་ཀྱི་བླ་མ།མཁའ་འགྲོ་ཚེ་རིང་ཆོས་སྒྲོན།

English | བོད་ཡིག

དར་ཐང་སྤྲུལ་སྐུ་ཀུན་དགའ་དགེ་ལེགས་ཡེ་ཤེས་རྡོ་རྗེ།

མཁའ་འགྲོ་ཚེ་རིང་ཆོས་སྒྲོན།

Further information:
Download this text:

༄༅། །མཁའ་འགྲོ་ཚེ་རིང་ཆོས་སྒྲོན་ལ་གསོལ་འདེབས།

 

ཨོཾ་སྭ་སྟི།

ཆོས་སྐུ་ཀུན་བཟང་ཞིང་ན་ཡུམ་ཆེན་མོ། །

ལོངས་སྐུ་རིགས་ལྔའི་ཞིང་ན་ཝ་ར་ཧི། །

སྤྲུལ་སྐུ་པད་འབྱུང་ཐབས་མཆོག་ཤེལ་དཀར་མཚོ། །

མཁྱེན་བརྩེའི་ཌཱཀི་ཚེ་རིང་ཆོས་ཀྱི་སྒྲོན། །

རྡོ་རྗེ་འཆང་དངོས་ཆོས་ཀྱི་བློ་གྲོས་རྗེ། །

དཔལ་ལྡན་བླ་མ་དམ་པ་ཡབ་ཡུམ་གྱི། །

ཐུགས་ཀྱི་བཞེད་དོན་མ་ལུས་ཡོངས་རྫོགས་ནས། །

བདག་སོགས་འབྲལ་བ་མེད་པར་བྱིན་གྱིས་རློབས། །

 

ཞེས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་ཤོག་ཅིག་ཅེས་དཔལ་ཨོཌིཡན་ནས་གུས་སློབ་ཐ་ཤལ་བ་དར་ཐང་པ་ཀུན་མིང་ཡེ་ཤེས་རྡོ་རྗེས་ཟླ་ ༥ ཚེས་ ༢༡ ལ་ཕུལ་བ་དགེའོ། །

This website uses cookies to collect anonymous usage statistics and enhance the user experience.
Decline
Accept