White Torma Offering—Tibetan

Collections & Cycles › Namchö | Practices › Torma Offering | Collections & Cycles › Rinchen Terdzö | བོད་ཀྱི་བླ་མ།གཏེར་སྟོན་མི་འགྱུར་རྡོ་རྗེ།

English | བོད་ཡིག

གཏེར་སྟོན་མི་འགྱུར་རྡོ་རྗེ།

གཏེར་སྟོན་མི་འགྱུར་རྡོ་རྗེ།

Further information:
Download this text:

༁ྃ༔ གནམ་ཆོས་ཐུགས་ཀྱི་གཏེར་ཁ་གུ་རུ་ཞི་བའི་སྐོར་ལས༔ དཀར་གཏོར་བཞུགས་སོ༔

 

གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུཾ༔

ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ནཱཾ་ཨཱ་དྱ་ནུ་ཏྤནྣ་ཏྭ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། བྱིན་གྱིས་བརླབ་ལ༔

ཧཱུཾ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔

བཀའ་དང་དམ་ཚིག་ལ་ནི་བཞག་པོ་ཡི༔

དཔལ་ཆེན་མགོན་པོ་བདུན་ཅུ་རྩ་གཉིས་དང་༔

ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད་དང༔

དགེ་བསྙེན་དྲེགས་པའི་སྡེ་དཔོན་སུམ་ཅུ་དང་༔

སྔགས་བདག་དྲེགས་ཆེན་བཅོ་བརྒྱད་འཁོར་བཅས་དང་༔

ཡུལ་ཆེན་ཉི་ཤུ་རྩ་བཞིའི་ཞིང་སྐྱོང་དང་༔

གནས་ཀྱི་མཁའ་འགྲོ་སུམ་ཅུ་རྩ་གཉིས་དང་༔

གངས་ཅན་བོད་ཀྱི་བརྟན་མ་བཅུ་གཉིས་དང་༔

སྐྱོང་མ་དང་ནི་ཡ་མ་བཅུ་གཉིས་དང་༔

དགེ་བསྙེན་ཆེན་པོ་ཉི་ཤུ་རྩ་གཅིག་དང་༔

ཆོས་རྒྱལ་རྗེ་ཡི་མགུལ་ལྷ་བཅུ་གསུམ་དང་༔

སྲིད་པ་འདི་ཉིད་ཆགས་པའི་ལྷ་དགུ་དང་༔

སྐྱོབ་པར་བྱེད་པའི་ལྷ་ལྔ་བསྟེན་པའི་ལྷ༔

ཁྱད་པར་ཡུལ་ཕྱོགས་འདི་རུ་གནས་པ་ཡི༔

ཕ་རི་ཚུ་རི་གཡས་རི་གཡོན་རི་དང་༔

མདུན་རི་རྒྱབ་རི་མཚོར་ས་བྲང་ཁང་འདིར༔

གནས་པའི་ས་བདག་ཀླུ་གཉན་གཞི་བདག་རྣམས་༔

འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔

བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཡི༔

ཁ་འཛིན་སྡོང་གྲོགས་མེལ་ཚེ་སྐྱེལ་བསུ་དང་༔

མཐུན་རྐྱེན་རོག་དན་སྒྲུབས་ལ་འགལ་རྐྱེན་སོལ༔

བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔

ཨོཾ་སརྦ་ལོ་ཀ་པཱ་ལ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔

ས་མ་ཡ༔   རྒྱ་རྒྱ་རྒྱ་༔  གུ་ཧྱ་ཁ་ཐཾ༔  ཤ་མཧྱ༔

 

ཅེས་པ་འདི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་པ་བྱ་ལོ་ཆུ་སྟོད་ཟླ་བའི་ཚེས་བརྒྱད་ལ་ཨོ་རྒྱན་རིན་པོ་ཆེས་དངོས་སུ་གསུངས་སོ།།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept