Serkyem Offering—Tibetan

Deities › Dharma Protectors | བོད་ཀྱི་བླ་མ།གཏེར་སྟོན་བསོད་རྒྱལ།

English | བོད་ཡིག

གཏེར་སྟོན་བསོད་རྒྱལ།

Tertön Sogyal Lerab Lingpa

Further information:
Download this text:

༄༅། །རང་ལུགས་ཀྱི་སྲུང་མ་སྤྱིའི་གསེར་སྐྱེམས་བཞུགས།

 

འབྲུ་བཅུད་ལ་སོགས་པའི་ཕུད་གཙང་མ།

རྂ་ཡྂ་ཁྂ་དང་། ཨོཾ་ཨཱཿཧཱུྂ། གིས་བརླབས་ལ།

ཧཱུྂ། མཆོག་གསུམ་རིག་འཛིན་རྩ་བརྒྱུད་བླ་མ་དང༌། །

རྒྱུད་སྡེ་དྲུག་གི་ཞི་ཁྲོ་རབ་འབྱམས་ལྷ། །

དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོ་ལ། །

གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད། །

 

ཁྱད་པར་ལེགས་ལྡན་མ་ནིང་བདུད་མགོན་ནག །

ཨེ་ཀ་ཛ་ཊི་སྲོག་སྒྲུབ་རེ་མ་ཏི། །

དྲང་སྲོང་གཟའ་མཆོག་རྡོ་རྗེ་ལེགས་པ་ལ། །

གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད། །

 

དབང་མོ་ཉེར་བརྒྱད་འཆི་བདག་ཕུར་སྲུང་དང༌། །

དཀར་མོ་ཉི་ཟླ་བདུད་རྒྱལ་ཐོད་ཕྲེང་ཅན། །

བཙན་རྒོད་འབར་བ་སྡེ་དཔོན་སུམ་ཅུ་ལ། །

གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད། །

 

དྲེགས་ཆེན་བཅོ་བརྒྱད་བརྟན་མ་བཅུ་གཉིས་དང༌། །

ཟབ་གཏེར་སྲུང་མ་གཞི་བདག་དཀར་ཕྱོགས་སྐྱོང༌། །

འགོ་བའི་ལྷ་ལྔ་སྐྱོབས་བྱེད་ལྷ་རྣམས་ལ། །

གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད། །

 

གཞན་ཡང་འཇིག་རྟེན་འདས་དང་མ་འདས་པའི། །

ཆོས་སྐྱོང་ནོར་ལྷ་གཏེར་བདག་སྡེ་བརྒྱད་རིགས། །

སྣང་ཞིང་སྲིད་པའི་འཁོར་འདས་མགྲོན་རྣམས་ལ། །

གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད། །

 

ཁྱེད་རྣམས་མཆོད་ཅིང་ཕྲིན་ལས་བཅོལ་བའི་མཐུས། །

རྒྱལ་བའི་བསྟན་དང་བསྟན་འཛིན་དར་ཞིང་རྒྱས། །

ཕན་བདེའི་དགེ་མཚན་ཡར་ངོའི་ཟླ་ལྟར་འཕེལ། །

ཆོས་མཐུན་བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །

ཅེས་འབུལ་བར་བྱའོ། །

 

གཏེར་མིང་ལས་རབ་གླིང་པས་བྲིས་པ་ཤིན་ཏུ་དགེ་བར་གྱུར་ཅིག། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept