བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

བསང་གསུར་ཤིན་ཏུ་བསྡུས་པ།

English | བོད་ཡིག

༄༅། །བསང་གསུར་ཤིན་ཏུ་བསྡུས་པ་བཞུགས།

 

རཾ་ཡཾ་ཁཾ།

ཨོཾ་ཨཱཿཧཱུྃ།

འབྲུ་དྲུག་ནུས་མཐུས་བསང་གསུར་ཀུན་བཟང་སྤྲིན། །

དཀོན་མཆོག་མཆོད་མགྲོན་མགོན་པོ་ཡོན་ཏན་མགྲོན། །

རིགས་དྲུག་སྙིང་མགྲོན་ལན་ཆགས་ལྷག་མགྲོན་བསྔོ། །

དགྱེས་སྐོང་འདོད་ཚིམས་མཆོག་ཐུན་དངོས་གྲུབ་སྩོལ། །

སྟོན་པའི་བཀའ་བཞིན་སྡིག་སྤོངས་དགེ་བ་སྒྲུབས། །

དགེ་འབྲས་འཁོར་གསུམ་དམིགས་མེད་ངང་དུ་བསྔོ། །

དགེ་ལེགས་བཀྲ་ཤིས་ཕྱོགས་དུས་ཀུན་ཁྱབ་ཤོག །

 

ཅེས་གོང་གི་ཤླཱོཀ་་དང་། བསྔོ་བ་ཚིག་རྐང་གཅིག་ཞྭ་དེའུ་པ་འཁྲུལ་ཞིག་མདོ་སྔགས་གླིང་པའི་གསུང་ལ། ཆོས་སྦྱིན་དང་སྨོན་ལམ་རྐང་པ་གཉིས་ཤཱཀྱའི་དགེ་སྦྱོང་ཝགིནྡྲ་དྷརྨ་མ་ཏིས་ཞལ་སྐོང་ཕུལ་ནས། བསང་གསུར་རྒྱས་པ་མི་ཁོམ་པ་རྣམས་ལ་སྨན་ཕྱིར་སྤེལ་བ་ཛ་ཡནྟུ།། །།

 

འཁྲུལ་ཞིག་རིན་པོ་ཆེ།

བསང་མཆོད།

གནས་ཚུལ་འཕར་མ།

BDRC Author Profiles: P626 P1GS135529

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept