Devotional Song—Tibetan

Practices › Prayers | བོད་ཀྱི་བླ་མ།ཚེ་དབང་གྲགས་པ།

English | བོད་ཡིག

ཚེ་དབང་གྲགས་པ།

མཆོག་གྱུར་བདེ་ཆེན་གླིང་པ།

Further information:
Download this text:

༄༅། །མོས་གུས་གླུ་དབྱངས།

 

ཨེ་མ་ཧོ།  སྙིང་དབུས་དད་པའི་ཆུ་སྐྱེས་འདབས་བརྒྱད་རུ་བཞད་པའི། །

གེ་སར་རྣམ་པར་བཀྲ་བ་འོད་ལྔ་ཡི་ཀློང་དུ། །

བཀའ་དྲིན་གསུམ་ལྡན་གཏེར་ཆེན་བླ་མ་དེ་བཞུགས་ཡོད། །

མོས་གུས་གདུང་བ་དྲག་པོའི་གསོལ་བ་རང་འདེབས་སོ། །

 

རྨད་བྱུང་མཁྱེན་བརྩེའི་དཔལ་གྱི་སྒོ་འཕར་དེ་ཕྱེད་ནས་། །

སྒོ་གསུམ་ལྷ་སྔགས་ཆོས་སྐུར་བྱིན་གྱིས་རང་སློབས་ཤིག །

ཤིན་ཏུ་ཟབ་པའི་མཐར་ཐུག་ཨོ་རྒྱན་རྗེའི་ཐུགས་བསྐྱེད། །

བདུད་བཞི་ཟིལ་གནོན་གཏུམ་ཆེན་རིགས་བཞི་ཡི་ནག་ཚན། །

རྣམ་གཡེང་ལྷ་བུ་བདུད་བཅོམ་མི་གཡོ་བ་མཐིང་གའི། །

རིམ་གཉིས་ལམ་ལ་གོམས་པའི་རྣལ་འབྱོར་གྱི་དཔོན་སློབ། །

ལམ་གྱི་དངོས་གཞི་གཏུམ་མོའི་རྣལ་འབྱོར་ལ་བརྩོན་པའི། །

བདེ་དྲོད་ཡེ་ཤེས་འཆར་བའི་དངོས་གྲུབ་ཞིག་ཞུའོ། །

 

ཅེས་པའང་འབྲུག་ལོ་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་རྫོགས་པ་གསུམ་པར་སྣང་ཚེ། །གྲུ་འཛིན་གྱི་གནས་རྩེར་རས་ཆོས་བྱེད་པའི་སྐབས་སུ། །རྣལ་འབྱོར་པ་ཤེས་རབ་ནས་ཆེད་དུ་བསྐུལ་བའི་རྐྱེན་ལས། །འགྱུར་མེད་ཚེ་དབང་གྲགས་པས་བྲིས་པ་དགེའོ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept