Tārā Supplication—Tibetan

Deities › Tārā | Practices › Lineage Prayers | བོད་ཀྱི་བླ་མ།སྤྲུལ་སྐུ་ཚུལ་ཁྲིམས་བཟང་པོ།

English | བོད་ཡིག

སྤྲུལ་སྐུ་ཚུལ་ཁྲིམས་བཟང་པོ།

Green Tārā

Further information:
Download this text:

༄༅། །རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་ཀྱི་གསོལ་འདེབས་བྱིན་རླབས་ཆར་རྒྱུན་བཞུགས།

 

ཀུན་བཟང་རྡོར་སེམས་རིགས་ལྔ་རིགས་གསུམ་དང་། །

དྲ་མ་ལྔ་དང་སྐལ་ལྡན་རྒྱལ་པོ་ཛ། །

མཚོ་སྐྱེས་རྒྱལ་བ་རྗེ་འབངས་གྲོགས་བཅས་ཀྱིས། །

འགྲོ་ཀུན་སྲིད་ཞིའི་འདམ་ལས་སྒྲོལ་བྱིན་རློབས། །

 

ཟབ་གཏེར་བཀའ་བབས་འགྲོ་འདུལ་སྤྲུལ་པའི་གར། །

དཀྱིལ་འཁོར་དབང་ཕྱུག་གཏེར་ཆེན་ལས་རབ་གླིང།

རིག་འཛིན་རྩ་བརྒྱུད་བླ་མའི་ཚོགས་རྣམས་ཀྱིས། །

འགྲོ་ཀུན་སྲིད་ཞིའི་འདམ་ལས་སྒྲོལ་བྱིན་རློབས། །

 

རྒྱལ་བའི་སྤྱན་སྔར་ཐུགས་བསྐྱེད་དམ་བཅས་པའི། །

རྒྱལ་བའི་ཡུམ་གྱུར་རྒྱལ་ཀུན་ཕྲིན་ལས་ལྷ། །

རྗེ་བཙུན་སྒྲོལ་མ་མྱུར་མ་དཔའ་མོ་ཡིས། །

འགྲོ་ཀུན་སྲིད་ཞིའི་འདམ་ལས་སྒྲོལ་བྱིན་རློབས། །

 

དབྱངས་ཅན་མ་དང་བསོད་ནམས་མཆོག་རབ་སྟེར། །

རྣམ་རྒྱལ་རིག་བྱེད་མ་དང་འཇིགས་བྱེད་མ། །

གཞན་མི་ཐུབ་དང་གཞན་ལས་རྣམ་རྒྱལ་མས། །

འགྲོ་ཀུན་སྲིད་ཞིའི་འདམ་ལས་སྒྲོལ་བྱིན་རློབས། །

 

སེང་ལྡེང་ནགས་སྒྲོལ་འཇིག་རྟེན་གསུམ་རྒྱལ་མ། །

ནོར་སྟེར་བཀྲ་ཤིས་དོན་བྱེད་དགྲ་དཔུང་འཇོམས།

ཁྲོ་གཉེར་ཅན་མཛད་རབ་ཞི་འབར་འོད་ཅན། །

འགྲོ་ཀུན་སྲིད་ཞིའི་འདམ་ལས་སྒྲོལ་བྱིན་རློབས། །

 

དཔག་མེད་གནོན་མ་རྨ་བྱ་མི་ཕམ་རྒྱལ། །

རི་ཁྲོད་ཅན་དང་འོད་ཟེར་ཅན་མ་སྟེ། །

རྗེ་བཙུན་འཕགས་མ་ཞི་ཁྲོའི་ལྷ་ཚོགས་ཀྱིས། །

འགྲོ་ཀུན་སྲིད་ཞིའི་འདམ་ལས་སྒྲོལ་བྱིན་རློབས། །

 

དེ་ལྟར་མི་ཕྱེད་དད་པས་གསོལ་འདེབས་ན། །

དམ་ཆོས་བྱང་ཆུབ་སྒྲུབ་ལ་བར་གཅོད་པའི། །

འཇིགས་ཆེན་བརྒྱད་དང་ལས་ཉོན་འཁྲུལ་སྣང་གི །

ཉེས་པའི་ཚང་ཚིང་སྟུག་པོར་འཁྱམས་པ་རྣམས། །

འཕགས་མའི་མཁྱེན་བརྩེའི་འོད་དཀར་གྱིས་དྲངས་ཏེ། །

རིག་འཛིན་རྣམ་བཞིའི་ཐེམ་སྐས་ལ་བརྟེན་ནས། །

སྤངས་རྟོགས་ཡོན་ཏན་རྒྱ་མཚོའི་མཐར་སོན་པའི། །

རྣམ་གྲོལ་འཕགས་མའི་གོ་སར་དབུགས་འབྱིན་གསོལ། །

 

ཞེས་པ་འདིའང་མཆོག་སྤྲུལ་རིན་པོ་ཆེ་ཆོས་འཕེལ་རྒྱ་མཚོ་དཔོན་སློབ་ཀྱི་ཐུགས་བཞེད་སྐོང་སླད་མདོ་མེད་ཚུལ་རྒན་པ་བྲིས་པ་དགེ་ལེགས་འཕེལ།།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept