Averting Periodic Obstacles—Tibetan

Major & Minor Sciences › Astrology | Practices › Averting Obstacles | Literary Genres › Dhāraṇī | སངས་རྒྱས་ཀྱི་བཀའ།

English | བོད་ཡིག

Buddha

Astrological Talisman

Further information:
Download this text:

༄༅། །རྒྱ་ནག་པོའི་སྐག་ཟློག་ཅེས་བྱ་བ་བཞུགས་སོ། །

 

འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །

 

རྒྱ་ནག་པོའི་སྐག་ཟློག་ཅེས་བྱ་བ།

 

འཕགས་པ་ཀུན་ལ་ཕྱག་འཚལ་ལོ། །

རིག་བྱེད་ཀུན་གྱིས་བསྐྱབ་ཏུ་གསོལ། །

མཆོག་པོ་ཀུན་ལ་ཕྱག་འཚལ་ལོ། །

བར་སྣང་ལྷ་ཡིས་བསྐྱབ་ཏུ་གསོལ། །

ཚངས་རིགས་ལྷ་ལ་ཕྱག་འཚལ་ལོ། །

ཁམས་གསུམ་སྲིད་ལ་དབང་སྒྱུར་བ། །

ཀུན་ལ་ཕྱག་འཚལ་མཆོད་པ་འབུལ། །

ཉི་མ་ཐམས་ཅད་དགེ་བ་ཡིན། །

རྒྱུ་སྐར་ཐམས་ཅད་བཟང་བ་ཡིན། །

སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེ། །

བདེན་པའི་ཚིག་ནི་འདི་དག་གིས། །

བདག་ཅག་ཀུན་ཏུ་བདེ་ལེགས་ཤོག །

 

ཨོཾ་ཝཱ་གཱི་ཤྭ་རི་མུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་བཛྲ་པཱ་ཎི་ཧཱུཾ།

ཨོཾ་མ་ཧེ་དཔལ་འབར་མ་ཡེ་སྭཱ་ཧཱ། ཨོཾ་མ་ཧཱ་ཀ་ལི་མོ་ཏ་ཡེ་སྭཱ་ཧཱ། ཨོ་ཨ་ཀ་ནི་ནི་ཀ་ནི་ཨ་བི་ཡ་མཎྜ་ལེ་སྭཱ་ཧཱ།

ཨོཾ་ཟིན་དུ་སྲུངས་ཤིག །ཨོཾ་དུ་དུ་ན་སྲུངས་ཤིག །ཨོཾ་དར་དུ་སྲུངས་ཤིག །ཨོཾ་ཙུ་ཏི་སྲུངས་ཤིག །ཨོཾ་དུ་མ་སྲུངས་ཤིག །ཨོཾ་པྲ་ཏི་སྲུངས་ཤིག །ཨོཾ་སུ་དཱ་དན་ཏྲི་སྲུངས་ཤིག །ཨོཾ་ན་ཚན་སྲུངས་ཤིག །ཨོཾ་སུ་ལ་ཁ་སྲུངས་ཤིག །ཨོཾ་ཁ་ལ་ཏྲི་སྲུངས་ཤིག །

ཨོཾ་ཏྲེ་དུ་ཤེ་དུ་སྲུངས་ཤིག །ཨོཾ་ཁ་ཏི་སྲུངས་ཤིག །ཨོཾ་ལྟར་ལྟར་སྲུངས་ཤིག །ཨོཾ་མ་པ་ཤ་ཡེ་སྲུངས་ཤིག །ཨོཾ་ཀ་ནན་ཏ་སྲུངས་ཤིག །ཨོཾ་བྷ་ལ་སྲུངས་ཤིག །ཨོཾ་ཏ་ལ་བྷ་སྲུངས་ཤིག །ཨོཾ་ར་སྲུངས་ཤག །ཨོཾ་ར་ཏྲི་སྲུངས་ཤིག །ཨོཾ་མ་ར་སྲུངས་ཤིག །ཨོཾ་མ་རིག་སྲུངས་ཤིག །ཨོཾ་སྨྲ་ཏི་སྲུངས་ཤིག །ཨོཾ་ཏ་ནེ་སྲུངས་ཤིག །ཨོཾ་བྷ་ཏ་སྲུངས་ཤིག །

སྲིད་གསུམ་མགོན་གྱི་རྒྱུ། །པི་པི་ལིང་ག་ག་རྗེས་ལ་གི །ཁྲོ་ཆུ་ཕན་སེམས་ཅན་མའི་གནས་སྒྲུབས་ཤིག །

མཐུན་དང་མི་མཐུན་ཤིས་དང་མི་ཤིས་གཟུགས་ལག་མའི་གནས། བདག་གིས་ལྷས་སྲུངས་ཤིག །སྐྱོབས་ཤིག །

ཨོཾ་ཏྲག་ཏུ་ཏྲེ་ཡེ་སྭཱ་ཧཱ། ཨོཾ་ཏྲེའུ་ཟློག །ཨོཾ་ཏྲག་རཀྵ་ཟློག །ཨོཾ་མ་མ་ཀྱི་ཏ་ཟློག །ཨོཾ་མ་སུརྻ་ཟློག

ཨོཾ་ཨ་ཙནྡྲ་ཡེ་སྭཱ་ཧཱ། ཨོཾ་པུ་པར་ཏ་ཡེ་སྭཱ་ཧཱ། ཨོཾ་པྲི་ཏི་ཤཏི་སྭཱ་ཧཱ། ཨོཾ་མ་མ་སྔོ་ཏ་སྔོ་ཏ་ཡེ་སྭཱ་ཧཱ། ཨོཾ་མ་མ་རཾ་རཾ་ཡེ་སྭཱ་ཧཱ། ཨོཾ་མ་མ་ཀ་ར་ཀ་ར་ཡེ་སྭཱ་ཧཱ། ཨོཾ་མ་མ་ཆར་ཆུར་ཡར་ཡེར་སྭཱ་ཧཱ། ཨོཾ་མ་མ་སུ་སུ་ཏཾ་ཏཾ་ཡེ་སྭཱ་ཧཱ།

ཨོཾ་ཡཾ་ཡཾ་ས་ལ་གེ་རེ་དུ་ཡེ་ཏེ་ཁུ་ཆེ་ཕཊ། ཞི་ཞི་ཡང་དུ་མ་ཧཱ་རཾ་རཾ་གེ་ར་ཙ་ས་ཕཊ། གྷ་དྷ་སེང་གི་ཞི་བ་འདུས་ན་མ་ས་དུ་ཡེ་མ་ར་ད་ཀེ་ཁང་དེ་འདུ། བ་རོ་སི་མ་དུ་ཧྲི། ནག་མོ་ཆེམས་ཁམ་དུ་ཨ་ཨ་མ་ད་པེ་རིམ། ཁྲེང་དུ་མ་ཨ་ར་ཁྱེར་ན་ཡུ། ཨ་ཧཱུཾ་ཁྱེ་ཤ་ན་མ་མ་ཧོ། ཨ་པ་ས་ར་ས་རཀྵ་ཧཱུཾ། ཨོཾ་མ་རཀྵ། མ་ར་ཧཱུཾ་ཧཱུཾ་ཧཱུཾ་བྷརྻ་དྷ་མ་མ་ཡེ། དྷ་ཀེ་ཙ་ར་ཡ་ཕཊ།

བདག་ལ་འབྱུང་བ་ལྔ་པོའི་དགྲ་གཤེད་འཇོམས་ཤིང་ཡོངས་སུ་སྐྱོབས།

ཨོཾ་ཨ་ག་ནི་དྷ་ར་ཤ་མ་ར་ཡ་ས་བཅིངས་མ་ཏྲ་ཀྲེ་ཡ་ན་ཡ་ཕཊ། ནག་པོ་བཞི་གྷུ་ཏ་ཡ། མ་ཏ་ཡ་མལ་མལ་ཞི་ཞི་སྭཱ་ཧཱ། ཨཱ་ཡུར་ཡུ་ཏེ་ཨ་ཀུར་ཞི་ཧ་ལེ། ས་སུ་ཏྲི་ཕཊ། ཨོཾ་ཨོཾ་ཧཱུཾ་ཀེ་རཾ་ཏེ་ཕཊ། དྷ་དྷ་ན་མ་ས་ར་མ་ས་ཏེ། ད་ཧ་ན་ན་ཧཱུཾ་ཧཱུཾ་ཞི་ཞི་མལ་མལ་ནག་པོ་ཞི། པུར་ཧེ་ནི་ཧ་ཧ་ན་སྭཱ་ཧཱ། ཞི་དྷ་ལ་མ་དུ་སེ་ཕཊ། མེ་ཨ་རཀྵ་སི་མ་དུ་ཡེ། ནག་པོ་ཞི་ས་མ་ཡེ་ཨ་ན་ཕཊ། གུ་མ་གུ་ཏེ་ནག་པོ་ཞི།

ཨོཾ་ཧཱུཾ་སརྦ་རཀྵ་ཧཱུཾ། དྷ་དྷ་ན་དྷ་ཧོ། མེ་ཧེ་མ་ཧོ་རཀྵ་རྦད། ཞི་ཞི་དུལ་དུལ་ས་ཧཱ་ལྷན། ཨོཾ་ན་མོ་བུདྡྷ་ཡ། ན་མོ་དྷརྨ་ཡ། ན་མཿསཾ་གྷཱ་ཡ། ཨ་ནན་ཏེ། ཏདྱ་ཐཱ། ཨ་ཀ་ར་ན་སད། ས་བྷ་ས་པྲ་དྷརྨ་ནི་ས། སརྦ་ཏཱ་ཐཱ། ཨོཾ་ཤོ་དྷ་བི་བུ་ཤ། བི་མ་ལེ་ཙ་ལེ། རུ་ལུ་རུ་ལུ། བི་ཤི་ཏ། མནྟ། ཨོཾ་ལཾ་མུཾ། ས་ར་ཛ་ཡེ་སྭཱ་ཧཱ། ཨོཾ་ཏྲ་ཡ་མིག་ཏིར་ཡེ་སྭཱ་ཧཱ། ཨོཾ་ཏྲ་མ་ལེ་སྭཱ་ཧཱ། ཨོཾ་ཏྲཾ་བྷེ་ལ་རཱ་ཛ་ཡེ་སྭཱ་ཧཱ། ཨོཾ་ཁཾ་ཉེར་ར་ཡེ་སྭཱ་ཧཱ།

 

བདག་ཅག་འཁོར་དང་བཅས་པ་ལ། །

མི་མཐུན་པ་ཡི་ཕྱོགས་རྣམས་ནི། །

བསྐལ་པ་མེ་ཡིས་སྲེག་པ་ལྟར། །

ཐམས་ཅད་དེ་ཡི་མོད་ལ་འབྱོར། །

འདོད་དོན་ཟླ་བ་རྒྱས་བཞིན་འཕེལ། །

 

རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །

མ་ཀླུངས་ཀྱིས་རྩུབ་པ་ཟློག །

བུ་ཀླུངས་ཀྱིས་རྩུབ་པ་ཟློག །

གནོད་སྦྱིན་ཕ་ཚེ་འཕྲོག་པ་ཟློག །

སྲིན་མོ་མི་རུ་བརྫུ་བ་ཟློག །

སྲིན་མོ་ཤ་རྐྱང་མདའ་འཕེན་ཟློག །

ཀླུངས་ལམ་འཁོར་བ་རུ་ལོག་ཟློག །

ལུས་ཀྱི་འཁོར་ལོ་ཞིག་པ་ཟློག །

དབང་ཐང་ཟས་ཁ་ཡུལ་ཉེས་ཟློག །

ཀླུངས་རྟའི་རྒྱལ་མཚན་ཆག་པ་ཟློག །

བླ་ཡི་རྒྱབ་རྟེན་ཡར་བ་ཟློག །

ཁམས་ཀྱི་སློག་པ་རལ་བ་ཟློག །

རང་སྐག་གིས་རྩུབ་པ་ཟློག །

མཐུན་གསུམ་གྱིས་རྩུབ་པ་ཟློག །

བདུན་ཟུར་གྱིས་རྩུབ་པ་ཟློག །

དགྲ་ངན་གྱིས་རྩུབ་པ་ཟློག །

བཞི་གཤེད་ཀྱིས་རྩུབ་པ་ཟློག །

ཕྱོགས་ངན་གྱིས་རྩུབ་པ་ཟློག །

བདུད་གཅོད་ཀྱིས་རྩུབ་པ་ཟློག །

འདྲེ་ལྔས་རྩུབ་པ་ཟློག །

ལུས་ཆད་ཀྱིས་རྩུབ་པ་ཟློག །

གནམ་སྒོས་རྩུབ་པ་ཟློག །

ས་སྒོས་རྩུབ་པ་ཟློག །

གཤེད་སྐོས་རྩུབ་པ་ཟློག །

ཕུང་གྱོད་གྱིས་རྩུབ་པ་ཟློག །

དུས་ཚོད་ཀྱིས་རྩུབ་པ་ཟློག །

མྱ་ངན་གྱིས་རྩུབ་པ་ཟློག །

ལྕགས་བཞིས་རྩུབ་པ་ཟློག །

མེ་བརྒྱད་ཀྱིས་རྩུབ་པ་ཟློག །

ངན་ཀླུངས་ཀྱིས་རྩུབ་པ་ཟློག །

 

བདག་ཅག་འཁོར་དང་བཅས་པ་ལ། །

ཕ་མེས་རྒན་གྱི་འདྲེ་གཅན་གྱིས་རྩུབ་པ་ཟློག །

ལོ་སྐག་གིས་རྩུབ་པ་ཟློག །

ཟླ་སྐག་གིས་རྩུབ་པ་ཟློག །

ཞག་སྐག་གིས་རྩུབ་པ་ཟློག །

ཟ་སྐག་གིས་རྩུབ་པ་ཟློག །

དུས་སྐག་གིས་རྩུབ་པ་ཟློག །

བདུད་སྐག་གིས་རྩུབ་པ་ཟློག །

གཟའ་དང་སྐར་མས་རྩུབ་པ་ཟློག །

ཉི་མས་རྩུབ་པ་ཟློག །

ཟླ་བས་རྩུབ་པ་ཟློག །

དུར་མིག་ཏུ་ཚུད་པ་ཟློག །

སྲོག་དུར་མིག་ཏུ་ཚུད་པ་ཟློག །

ལུས་དུར་མིག་ཏུ་ཚུད་པ་ཟློག །

དབང་ཐང་དུར་མིག་ཏུ་ཚུད་པ་ཟློག །

ཀླུངས་རྟ་དུར་མིག་ཏུ་ཚུད་པ་ཟློག །

ན་མིག་ཏུ་ཚུད་པ་ཟློག །

ཤི་མིག་ཏུ་ཚུད་པ་ཟློག །

སྲོག་ལ་དགྲ་དར་བ་ཟློག །

ཀླུངས་རྟ་ལ་དགྲ་དར་བ་ཟློག །

ལུས་ལ་དགྲ་དར་བ་ཟློག །

དབང་ཐང་ལ་དགྲ་དར་བ་ཟློག །

ཁམས་ལ་དགྲ་དར་བ་ཟློག །

ལོ་ལ་དགྲ་དར་བ་ཟློག །

ཟླ་བ་ལ་དགྲ་དར་བ་ཟློག །

ཞག་ལ་དགྲ་དར་བ་ཟློག །

དུས་ཚོད་ལ་དགྲ་དར་བ་ཟློག །

རེ་འདོད་ཀྱིས་རྩུབ་པ་ཟློག །

ཆུང་སྐག་ཆེ་ལ་རྩུབ་པ་ཟློག །

རྗེ་སྐག་འབངས་ལ་རྩུབ་པ་ཟློག །

འབངས་སྐག་རྗེ་ལ་རྩུབ་པ་ཟློག །

ཕ་སྐག་བུ་ལ་རྩུབ་པ་ཟློག །

བུ་སྐག་ཕ་ལ་རྩུབ་པ་ཟློག །

ཁྱོ་བོའི་ཆུང་མ་ལ་རྩུབ་པ་ཟློག །

ཆུང་མའི་སྐག་ཁྱོ་བོ་ལ་རྩུབ་པ་ཟློག །

མའི་སྐག་བུ་མོ་ལ་རྩུབ་པ་ཟློག །

བུ་མོའི་སྐག་མ་ལ་རྩུབ་པ་ཟློག །

མིང་པོའི་སྐག་སྲིང་མོ་ལ་རྩུབ་པ་ཟློག །

སྲིང་མོའི་སྐག་མིང་པོ་ལ་རྩུབ་པ་ཟློག །

 

བདག་འཁོར་དང་བཅས་པ་ལ། །

ལི་ཁེན་བདུད་མདའ་འཕེན་པ་ཟློག །

འཁོར་ལ་ཕྱིང་དུམ་གྲིལ་བ་ཟློག །

དྭ་ཟིན་གྲི་ཕུར་འདེབས་པ་ཟློག །

གིང་ཟིན་མདུང་ནག་བསྣོལ་བ་ཟློག །

སྤར་ཁ་བརྒྱད་ཀྱི་དགུ་མིག་ཏུ་ཚུད་པ་ཟློག །

སྨེ་བ་དགུའི་དགུ་མིག་ཏུ་ཚུད་པ་ཟློག །

ལོའི་དགུ་མིག་ཏུ་ཚུད་པ་ཟློག །

ཆེ་བ་དགུ་མིག་ཏུ་ཚུད་པ་ཟློག །

ཆུང་བ་དགུ་མིག་ཏུ་ཚུད་པ་ཟློག །

བུད་མེད་དགུ་མིག་ཏུ་ཚུད་པ་ཟློག །

ཁྱེའུ་དགུ་མིག་ཏུ་ཚུད་པ་ཟློག །

དུར་མིག་ཏུ་ཚུད་པ་ཟློག །

རྒན་པ་ལ་ཆགས་ཆེ་བ་བརྒྱད་ཅུ་རྩ་གཅིག་པ་ཟློག །

སྐྱེས་པ་དར་མ་ལ་ཆགས་ཆེ་བ་སུམ་ཅུ་རྩ་བདུན་པ་ཟློག །

བྱིས་པ་ལ་ཆགས་ཆེ་བ་དགུ་ཐོག་ཏུ་བབས་པ་བཟློག །

བུད་མེད་རྒན་པ་ལ་ཆགས་ཆེ་བ་དྲུག་ཅུ་རྩ་གཅིག་པ་ཟློག །

བུ་མོ་གཞོན་པ་ལ་ཆགས་ཆེ་བ་བཞི་བཅུ་ཞེ་དགུ་པ་ཟློག །

བུ་མོ་ཆུང་བ་ལ་ཆགས་ཆེ་བ་ཉི་ཤུ་རྩ་ལྔ་པ་ཟློག །

མེ་ཕོ་འབྲུག་ཐོག་ཏུ་ཀུངས་ས་ཕྱིན་པ་ཟློག །

འུ་ཆུ་ཁམས་པ་ཕྱིན་པ་ཟློག །

འུ་འདུས་མོ་བཤང་ཐོག་ཏུ་ཕྱིན་པ་ཟློག །

ཤིང་ལྕགས་པ་མེ་མོ་ལུག་ཐོག་ཏུ་ཕྱིན་པ་ཟློག །

དྭ་དང་ས་ཁྱི་འཕྲད་པ་ཟློག །

ཁམ་དང་མེ་མོ་ལུག་འཕྲད་པ་ཟློག །

ས་མོ་གླང་ཐོག་ཏུ་གྲི་སྒོ་བྱེ་བ་ཟློག །

ཁམ་དང་ལྕགས་ཕོ་འབྲུག་འཕྲད་པ་ཟློག །

ཁོན་དང་ལྕགས་ཕོ་ཁྱི་འཕྲད་པ་ཟློག །

གིན་དང་ལྕགས་མོ་ལུག་འཕྲད་པ་ཟློག །

ཟིན་དང་ཆུ་ཕོ་ཁྱི་ཐོག་བདུད་གནམ་བབས་ཀྱི་དགུ་མིག་ཟློག །

ཟོན་དང་ཆུ་མོ་གླང་སྨྱོ་འབོག་གྲི་གཤོམ་གྱི་དགུ་མིག་ཟློག །

ལི་དང་ཤིང་ཕོ་འབྲུག་ཐོག་ཏུ་བདུད་གནམ་བབས་ཀྱི་དགུ་མིག་ཟློག །

ཁམ་དང་མེ་གླང་གཡུ་འཕྲེང་ཐག་པ་ཆད་པའི་དགུ་མིག་ཟློག །

ཁེན་དང་ས་ཕོ་འབྲུག་མནའ་ཟོས་བུ་ཆེའི་དགུ་མིག་ཟློག །

དྭ་དང་ས་མོ་ལུག་མོ་རབས་ཆད་ཀྱི་དགུ་མིག་ཟློག །

ཁོན་དང་ལྕགས་ཕོ་ཁྱི་སྤྱང་མོ་ངུ་ཟུག་བྱེད་པའི་དགུ་མིག་ཟློག །

ལི་དང་ལྕགས་མོ་གླང་ཁྱིམ་བདག་དོག་སར་བབས་པའི་དགུ་མིག་ཟློག །

ཟོན་དང་ཆུ་ཕོ་འབྲུག་ནད་ངོ་འབྱུང་བའི་དགུ་མིག་ཟློག །

ཟིན་དང་ཆུ་མོ་ལུག་ཁྱིམ་བདག་མོ་གྲིར་འཆི་བའི་དགུ་མིག་ཟློག །

གིན་དང་ཤིང་ཕོ་ཁྱི་བུ་འབྱུང་ཐང་ལྷུང་རབས་ཆད་ཀྱི་དགུ་མིག་ཟློག །

ཁམ་དང་ཤིང་མོ་གླང་ཡུག་ས་གནམ་བབས་ཀྱི་དགུ་མིག་ཟློག །

དགུ་དང་པོ་ཉོན་མོངས་ཐང་ཁོལ་གྱི་བུའི་གནོད་པ་ཟློག །

དགུ་གཉིས་བཅོ་བརྒྱད་པ་མངལ་ནག་འབྱུང་བའི་བུའི་གནོད་པ་ཟློག །

དགུ་གསུམ་ཉེར་བདུན་པ་གྲི་རོ་སྒོར་སྐྱེལ་གྱི་བུའི་གནོད་པ་ཟློག །

དགུ་བཞི་སོ་དྲུག་པ་རྗེའི་གདན་ས་འཕྲོག་པའི་བུའི་གནོད་པ་ཟློག །

དགུ་ལྔ་ཞེ་ལྔ་པ་གནམ་ཀྱི་རྔ་ཟོར་གྱི་བུའི་གནོད་པ་ཟློག །

དགུ་དྲུག་ལྔ་བཅུ་རྩ་བཞི་པ་ཕོ་ལྷ་ངུར་འབོད་ཀྱི་བུའི་གནོད་པ་ཟློག །

དགུ་བདུན་དྲུག་ཅུ་རྩ་གསུམ་པ་གྲིར་ཤི་དུར་སྒོ་འཁྲུག་པའི་བུའི་གནོད་པ་ཟློག །

དགུ་བརྒྱད་བདུན་ཅུ་དོན་གཉིས་པ་སྡང་བ་མང་ལ་བྱམས་པ་ཉུང་བའི་བུའི་གནོད་པ་ཟློག །

དགུ་དགུ་བརྒྱད་བཅུ་གྱ་གཅིག་པ་བཙོན་གྱི་ཇག་པ་ཁྱིམ་ནས་འདོན་བུའི་གནོད་པ་ཟློག །

 

བདག་ཅག་འཁོར་དང་བཅས་པ་རྣམས། །

དགུ་མིག་དུར་ན་སྡོད་པ་ཟློག །

དགུ་མིག་ཕུར་ཀྱིས་འདེབས་པ་ཟློག །

དགུ་མིག་འཕྱིང་དུམ་གྲིལ་བ་ཟློག །

ལྕགས་ཀྱི་དགུ་མིག་གྲི་དང་མེལ་ལྡང་བ་ཟློག །

མེའི་དགུ་མིག་སྐམ་ནད་ཡམས་ནད་སྡོད་པ་ཟློག །

ཤིང་གི་དགུ་མིག་གློ་བུར་ཡེ་འབྲོག་ཡོང་བ་ཟློག །

ཆུའི་དགུ་མིག་མྱ་ངན་ཆུ་ནད་ཡོང་བ་ཟློག །

སའི་དགུ་མིག་ལྕི་འཐིབས་ཀྱི་ནད་འབྱུང་བ་ཟློག །

ཁམས་ཀྱི་དགུ་མིག་དུར་དུ་ཚུད་པ་ཟློག །

དགུ་མིག་རྐྱེན་གྱི་སྒོ་མོ་ཟློག །

ལྷས་མི་འཚོང་གིས་མི་བཙོངས་པ་ཟློག །

བདུད་མི་ཉོ་ཡིས་མི་ཉོས་པ་ཟློག །

ལུས་ཀྱི་རྟེན་ཕུར་ཕྱུངས་པ་ཟློག །

སྲོག་གི་ལྗོན་ཤིང་ཆག་པ་ཟློག །

དབང་ཐང་གི་ར་བ་རལ་བ་ཟློག །

ཀླུངས་རྟའི་རྒྱལ་མཚན་ཆག་པ་ཟློག །

ལོ་རྒྱལ་པོས་གདན་བཤམས་པ་ཟློག །

ཟླ་བ་བློན་པོས་གྲོས་བྱས་པ་ཟློག །

ཞག་དམག་མིས་དམག་བཤམས་པ་ཟློག །

དུས་ཚོད་མཚོན་ཆ་བཏབ་པ་ཟློག །

སྤར་ཁའི་ཨ་ཐང་ཆད་པ་ཟློག །

ཁོངས་པ་སྲིན་གྱིས་ཟོས་པ་ཟློག །

བདུད་ཀྱི་ཕུང་འདྲེ་འབེབས་པ་ཟློག །

འདྲེ་ལྔ་བྱ་ར་བྱེད་པ་ཟློག །

ནག་པོ་ནེ་ཚོ་འཇུག་པ་ཟློག །

བདུད་ཀྱི་ཤ་རོ་དངོས་སུ་བསྐྱངས་པ་ཟློག །

ཁྱིམ་ནག་ཁོལ་དུ་གཏིབ་པ་ཟློག །

བརྒྱ་བ་མང་གིས་གླེང་བ་ཟློག །

སྟོང་མིག་མང་གིས་བལྟ་བ་ཟློག །

སྡང་བ་དགྲ་ཡིས་སྒྲོག་ཏུ་བཅུག་པ་ཟློག །

བྱམས་པ་གཉེན་གྱིས་བརྗོད་པ་ཟློག །

གདགས་རི་དཀར་པོ་ལས་བྲག་རལ་བཟློག །

སྲིབ་རི་ནག་པོ་ལས་ཤིང་ཆག་པ་ཟློག །

མི་རྗེ་ས་བདག་རྒྱལ་པོའི་མངའ་ཐང་ཉམས་པ་ཟློག །

དགེ་བའི་བཤེས་གཉེན་གྱི་གདན་ས་སྟོངས་པ་ཟློག །

བཙུན་པའི་འདུལ་ཁྲིམས་ཞིག་པ་ཟློག །

སྨན་པའི་དཔྱད་ཀ་ལོག་པ་ཟློག །

རྩིས་ཀྱི་སྐོར་འགོ་འཛོལ་བ་ཟློག །

གཤེན་རབ་ལྷ་གྲལ་སྟོངས་པ་ཟློག །

གནམ་རིམ་པ་དགུའི་སྟེང་ནས་ཤེལ་གྱི་བྱ་ཁྱུང་གཤོག་པ་བརྡེབ་པ་ཟློག །

ས་རིམ་པ་དགུའི་འོག་ནས་དུར་ཕག་ནག་པོ་འཁུན་པ་ཟློག །

ཟངས་ཀྱི་གླང་པོ་རྭ་བརྡར་བ་ཟློག །

ཕུ་ནས་དགྲ་བྱུང་བ་ཟློག །

གློ་བུར་སྔ་ནས་སྲི་ལངས་པ་ཟློག །

དུར་ས་གཉན་པོ་ཁ་བྱེ་བ་ཟློག །

ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་ཟློག །

གློ་བུར་བརྒྱད་ཅུ་རྩ་གཅིག་ཟློག །

གདོན་རིགས་སྟོང་ཕྲག་སུམ་བརྒྱ་ཟློག །

མི་ཕྱུགས་སྤྱི་ཡི་སྲི་ངན་ཟློག །

གྲོང་ཚོ་དགྲར་ལངས་སྲི་ངན་ཟློག །

ཕྱོགས་བཅུའི་སྡེ་འཁྲུག་ལངས་པ་ཟློག །

དུས་ངན་ལྟ་སྲིད་ངན་པ་ཟློག །

རྨི་ལམ་མཚན་མ་ངན་པ་ཟློག །

བྱད་ངན་སྦྱོར་རྩུབ་བྱད་ཁ་ཕུར་ཁ་བཟློག །

མནའི་ཆད་པ་གཏད་ཁྲམ་ངན་སྔགས་ཟློག །

མི་མཐུན་ཕྱོགས་རྣམས་མ་ལུས་ཞི་གྱུར་ཅིག །

 

འཕགས་པ་འཇམ་དཔལ་གྱིས་གསུངས་པའི་རྒྱ་ནག་སྐག་ཟློག་ཅེས་བྱ་བའི་གཟུངས་རྫོགས་སོ༎ ༎

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept