Khenpo Sodargye Long-Life Prayer—Tibetan

Practices › Long-Life Prayers | བོད་ཀྱི་བླ་མ།ཨ་ལགས་གཟན་དཀར་རིན་པོ་ཆེ། | བོད་ཀྱི་བླ་མ།མཁན་པོ་བསོད་དར་རྒྱས།

English | 中文 | བོད་ཡིག

ཨ་ལགས་གཟན་དཀར་རིན་པོ་ཆེ།

མཁན་པོ་བསོད་དར་རྒྱས།

Further information:
Download this text:

༄༅། །མཁན་ཆེན་བསོད་དར་རྒྱས་ཀྱི་ཞབས་བརྟན་གསོལ་འདེབས།

 

སྟོན་མཆོག་མཉམ་མེད་ཐུབ་དབང་སྲས་དང་བཅས། །

འཕགས་བོད་པཎ་གྲུབ་བདེན་ཚིག་གྲུབ་པའི་ཚོགས། །

ཁྱད་པར་ཚེ་ལ་དབང་བའི་རིག་འཛིན་བཅས། །

དེང་འདིར་དགེ་ལེགས་སྣང་བའི་ཤིས་པ་སྩོལ། །

 

མཁྱེན་པའི་ཤེས་རབ་མཁའ་ཡི་འོད་སྣང་གསལ། །

བྱམས་བརྩེ་ལྷག་བསམ་དུང་གི་ཟླ་བ་མཛེས། །

མཁྱེན་གཉིས་ཉི་ཟླ་ཟུང་གི་རྣ་ཆ་ཅན། །

བསྟན་འགྲོའི་གཉེན་གཅིག་སྐུ་ཚེ་བརྟན་པར་ཤོག །

 

ཤེས་རིག་རིན་ཆེན་ནོར་གྱི་བང་མཛོད་ཆེས། །

ས་ཆེན་གོ་ལའི་ཁྱོན་འདི་ཡོངས་བཀང་སྟེ། །

བརྒྱུད་འཛིན་བུ་སློབ་རྒྱུ་སྐར་བྱེ་བའི་གྲངས། །

སྐྱོང་མཛད་སྐྱེས་ཆེན་དམ་པའི་ཞབས་བརྟན་གསོལ། །

 

མཆོག་གསུམ་རྩ་གསུམ་སྲུང་མའི་བྱིན་རླབས་དང་། །

ཚེ་འཛིན་གྲུབ་པའི་ཚོགས་ཀྱི་བདེན་སྟོབས་ཀྱིས། །

ཚེ་ཡི་མི་མཐུན་བར་ཆད་ཀུན་ཞི་ནས། །

སྨྲ་བའི་ཁྱུ་མཆོག་ཞབས་པད་བརྟན་གྱུར་ཅིག །

 

མི་ཤིགས་མི་འགྱུར་གསང་བ་སྐུ་ཡི་ཁམས། །

མི་འགག་མི་འགྱུར་གསང་བ་གསུང་གི་ཁམས། །

མི་གཡོ་མི་འཕོ་གསང་བ་ཐུགས་ཀྱི་ཁམས། །

གསང་གསུམ་རྡོ་རྗེའི་ཁམས་སུ་བརྟན་གྱུར་ཅིག །

 

ཅེས་པ་འདི་སྙིགས་དུས་ཀྱི་སྐྱེ་འགྲོའི་མགོན་དང་དཔུང་གཉེན་དམ་པར་གྱུར་པ་མཁན་རིན་པོ་ཆེ་བསོད་ནམས་དར་རྒྱས་ལགས་སྙུན་གཞི་ལས་གྲོལ་བའི་མཐུན་རྐྱེན་དུ་ཤར་མི་ཉག་འཁྱམ་པོ་པ་ཐུབ་བསྟན་ཉི་མར་འབོད་པ་དེས་རྩེ་གཅིག་ཏུ་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept