ལྕེ་བཙུན་སེངྒེ་དབང་ཕྱུག་གི་ཞལ་ཆེམས།
མཁྱེན་བརྩེའི་བཀའ་བབས།
ལྕེ་བཙུན་སྙིང་ཐིག
ཞལ་ཆེམས།
རིན་ཆེན་གཏེར་མཛོད།
བོད་ཀྱི་བླ་མ།
ལྕེ་བཙུན་སེངྒེ་དབང་ཕྱུག
འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
༄༅། །ལྕེ་བཙུན་སེངྒེ་དབང་ཕྱུག་གི་ཞལ་ཆེམས།
ཨེ་མ་སྨྱོན་པ་སེང་དབང་ང་༔
ལས་ཀྱི་རླུང་ཟད་ཡེ་ཤེས་རྒྱས༔
མ་རིག་སྒོ་ལྔའི་སྦུབས་ལས་གྲོལ༔
རང་རིག་འོད་གསལ་སྦུབས་སུ་བཞུགས༔
སྒོ་གསུམ་གྱི་འཁྲུལ་པ་ཞིག་ཙ་ན༔
འཁྲུལ་གཞི་ཐམས་ཅད་ཡ་རེ་ཆ༔
འཁྲུལ་སྣང་གི་མདུད་པ་ཆོད་ཙ་ན༔
སེམས་འཛིན་ཟེར་བ་ཐང་རེ་ཆད༔
འཁྲུལ་པ་ཡེ་ཤེས་སུ་ཤར་ཙ་ན༔
དག་སྣང་ཐམས་ཅད་བསླུ་བའི་ཆོས༔
ཐམས་ཅད་དབྱིངས་སུ་ཐིམ་ཙ་ན༔
ཅི་ཡང་མ་ཡིན་ཅིར་ཡང་འཆར༔
ཨེ་མ་ཨེ་མ་དམ་པའི་སྐུ་དྲིན་ལགས༔
ཨེ་མ་འདའ་ཀའི་ཚིག་འདི་སྙིང་པོའི་དོན༔
སྙིང་ཕྱུང་ལག་མཐིལ་བཞག་པ་འདི་ལས་མེད༔
ཚིག་གི་ཐ་མ་དུས་མཐར་སྣང་བར་ཤོག༔
ཟག་པ་རང་ཟད་འབྱུང་བ་རང་སར་དེངས༔
དྲན་པ་རང་གྲོལ་ཟང་ཐལ་འོད་ཀྱི་ལུས༔
སེང་གེ་དབང་ཕྱུག་ཉིད་དང་མཉམ་པར་ཤོག༔
