The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Four Pieces of Advice—Tibetan

English | བོད་ཡིག

༄༅། །མཆོག་གྱུར་གླིང་པས་སྔགས་པ་ཚོ་ལ་བསྩལ་པའི་ཞལ་གདམས།

༡ རང་རེ་སྔགས་པ་ཚོས། བླ་མའི་ཐུགས་མ་དཀྲུག་ཅིང་ཅི་གསུང་བཀའ་སྒྲུབ་པ་དང་གཅིག
༢ མཆེད་ལྕམ་དྲལ་རྩོད་འཛིང་ངོ་ལྐོག་མི་བྱེད་པ་དང་གཉིས།
༣ ཉི་མ་རེ་བཞིན་ཡི་དམ་ལྷ་ཡི་བསྒོམ་བཟླས། ཚེ་བཅུའི་ཚོགས་མཆོད་མ་ཆགས་པ་དང་གསུམ།
༤ ཁྲེགས་ཆོད་ཀྱི་ཉམས་ལེན་སྐྱོང་ཞིང་། སེམས་ཅན་གྱི་སྲོག་མི་གཅོད་པ་དང་།

བཞི་པོ་འདི་སྲུང་ན་དེང་སང་དུས་ཀྱི་སྔགས་པ་རབ་ཡིན་ནོ། །དེང་དུས་ཀྱི་སྔགས་པ་ཚང་དགོས་པའི་ཁྱད་ཆོས་བཞི། །

མཆོག་གྱུར་བདེ་ཆེན་གླིང་པ།

མཆོག་གྱུར་བདེ་ཆེན་གླིང་པ།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept