Brief Dharmapālas Offering—Tibetan

Deities › Dharma Protectors | Collections & Cycles › Longchen Nyingtik | བོད་ཀྱི་བླ་མ།རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར།

English | བོད་ཡིག

རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར།

Ma Gön Chamdral, the protectors of Longchen Nyingtik

Further information:
Download this text:

༄༅། །གསོལ་མཆོད་བསྡུས་པ་བཞུགས།

 

རྂ་ཡྂ་ཁྂ། ཨོཾ་ཨཱཿཧཱུྂ།

སྐད་ཅིག་དྲན་རྫོགས་རང་མདུན་ཐོད་སྒྱེད་སྟེང༌། །

དུམ་གཅིག་ཀ་པཱ་ལ་ཡི་སྣོད་ནང་དུ། །

ཤ་ལྔ་བདུད་རྩི་ལྔ་སོགས་སྦྱོར་སྒྲོལ་རྫས། །

སྤྲོ་བསྡུའི་འཕྲུལ་གྱིས་རྒྱལ་ཀུན་གསང་གསུམ་བཅུད། །

སྤྱན་དྲངས་གཏོར་མའི་རྫས་དང་དབྱེར་མེད་གྱུར། །

དངོས་འཛིན་དྲི་མས་མ་སྦགས་མཆོད་གཏོར་རྫས། །

ཕྱི་ནང་གསང་བའི་དཔལ་ཡོན་རབ་ལྡན་འདི། །

མཆོག་གསུམ་རྩ་གསུམ་བཀའ་སྲུང་ཆོས་སྲུང་སྤྱི། །

ཁྱད་པར་སྔགས་སྲུང་ཨེ་ཀ་ཛཱ་ཊི་དང༌། །

དཔལ་མགོན་མ་ནིང་མགོན་པོ་ཕོ་རྒྱུད་ཚོགས། །

སྒྲོལ་གིང་རྡོ་རྗེ་ལེགས་པ་མཆེད་འཁོར་བཅས། །

གཟའ་བདུད་ཆེན་པོ་གདོང་མོ་སྡེ་བརྒྱད་འཁོར། །

དུར་ཁྲོད་ལྷ་མོ་མིང་སྲིང་བརྒྱད་པོ་དང༌། །

ཚེ་རིང་མཆེད་ལྔ་གཡུ་སྒྲོན་བརྟན་མར་བཅས། །

ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད་རྣམས། །

སྤྲུལ་པ་ཡང་སྤྲུལ་འཁོར་དང་ཡང་འཁོར་བཅས། །

མཆོད་ཅིང་བསྟོད་དོ་བསྐང་ངོ་མངའ་གསོལ་ལོ། །

དགྱེས་ཤིང་ཚིམ་པར་མཛོད་ལ་ཉམས་ཆག་བཤགས། །

རབ་འབྱམས་ཕྲིན་ལས་གང་བཅོལ་འགྲུབ་པ་དང༌། །

འཕྲལ་ཕུགས་ཡོངས་དགེ་སངས་རྒྱས་འགྲུབ་པར་ཤོག །

 

ཅེས་པ་འདི་ཡང་པདྨ་ཆོས་འཕེལ་ངོར། །རྡོ་བླས་སྤེལ་བ་ཡོངས་སུ་དགེ་བར་གྱུར་ཅིག །དགའོ༎ ༎

This website uses cookies to collect anonymous usage statistics and enhance the user experience.
Decline
Accept