Supplementary Texts for Mantra Recitation—Tibetan

Collections & Cycles › Longchen Nyingtik | བོད་ཀྱི་བླ་མ།རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར། | བོད་ཀྱི་བླ་མ།རྡོ་གྲུབ་ཆེན་ཐུབ་བསྟན་ཕྲིན་ལས་དཔལ་བཟང་པོ།

English | བོད་ཡིག

རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར།

Deities of the Longchen Nyingtik

Further information:
Download this text:

༄༅། །ཛབ་ཉེར་མཁོ།

 

འཛབ་ལ་བབ་པ་ན། ཕྲེང་བ་བྱིན་རླབས་ནི།

ལག་པ་གཡོན་པའི་ནང་དུ་ཕྲེང་བ་སྦྲུལ་འཁྱིལ་བ་ལྟར་བསྐྱིལ་བའི་དབུས་སུ་མདོ་འཛིན་ཙོག་པུར་ཡོད་པར་བྱས་ལ།

ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨ།

ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ

ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ་ཡེ་སྭཱ་ཧཱ།

ལན་གསུམ།

ཨོཾ་རུ་ཙི་པྲ་མར་ཏ་ན་ཡེ་རཏྣ་མ་ཎི་དྷ་ར་ཛྙཱ་ན་དེ་ཝ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ༔

ལན་གསུམ་མཐར།

ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ།

ཞེས་སྔགས་བཏབ་པའི་འབྲུ་ཕྲེང་བར་འཐོར་ནས་རང་རང་གི་བསྙེན་སྒྲུབ་ལ་འཇུག་གོ། །

མཚམས་སུ་སྟོང་ཚིགས་འབུལ་དགོས་ན།

ཧཱུྃ། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། །

ཕྱི་ནང་གསང་བའི་མཆོད་པ་འབུལ། །

སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །

བག་མེད་འགལ་འཁྲུལ་ཉམས་ཆག་བཤགས། །

མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །

ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝེ་ཏྱཱ་ཤབྡ་སརྦ་པཉྩ་རཀྟ་བྷ་ལིངྟ་ཁཱ་ཧི། ཞེས་འབུལ།

༈ བཟླས་པའི་མཐར་ཁ་སྐོང་དང་འདོད་གསོལ་ནི།

ནད་གདོན་འཇིགས་བརྒྱད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ།

ཚེ་བསོད་དཔལ་འབྱོར་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ།

འཁོར་འདས་སྲིད་གསུམ་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ།

གནོད་བྱེད་དགྲ་བགེགས་མཱ་ར་ཡ་ཕཊ།

དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་བཅས་ལན་གསུམ་བརྗོད་མཐར།

ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨ།

ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ

ཨོཾ་བཛྲ་སཏྭ་ས་མ་ཡ༴

ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ་ཡེ་སྭཱ་ཧཱ།

༈ རིག་འདུས་ལ།

ཧོཿ རིག་འདུས་མ་ཧཱ་གུ་རུའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཁྱེད་རྣམས་ལ།

མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས།

སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས།

བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས་མཆོག་གི་དངོས་གྲུབ་རིག་འདུས་མ་ཧཱ་གུ་རུའི་གོ་འཕང་མངོན་སུམ་དུ་ཐོབ་པ་དང་།

ཐུན་མོང་གི་དངོས་གྲུབ་ཕྲིན་ལས་རྣམ་པ་བཞི་གྲུབ་པ་དང་།

གྲུབ་པ་ཆེན་པོ་བརྒྱད་ལ་སོགས་པ་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་དམ་པ་སྩོལ་བར་མཛད་དུ་གསོལ།

དེ་ནས་མཆོད་ཕྲེང་ལ་འཇུག

༈ དཔལ་འདུས་ལ།

ཧོཿ དཔལ་ཆེན་པོ་ཡེ་ཤེས་ཀློང་དགུའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཁྱེད་རྣམས་ལ།

མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས།

སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས།

བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས་མཆོག་གི་དངོས་གྲུབ་དཔལ་ཆེན་པོ་ཡེ་ཤེས་ཀློང་དགུའི་དཀྱིལ་འཁོར་གྱི་གོ་འཕང་མངོན་སུམ་དུ་ཐོབ་པ་དང་།

ཐུན་མོང་གི་དངོས་གྲུབ་ཕྲིན་ལས་རྣམ་པ་བཞི་གྲུབ་པ་དང་།

གྲུབ་པ་ཆེན་པོ་བརྒྱད་ལ་སོགས་པ་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་དམ་པ་སྩོལ་བར་མཛད་དུ་གསོལ།

༈ ཡུམ་ཀ་ལ།

ཧོཿ རྒྱལ་ཡུམ་རྡོ་རྗེ་བཙུན་མོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཁྱེད་རྣམས་ལ།

མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས།

སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས།

བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས་མཆོག་གི་དངོས་གྲུབ་རྒྱལ་ཡུམ་རྡོ་རྗེ་བཙུན་མོའི་གོ་འཕང་མངོན་སུམ་དུ་ཐོབ་པ་དང་།

ཐུན་མོང་གི་དངོས་གྲུབ་ཕྲིན་ལས་རྣམ་པ་བཞི་གྲུབ་པ་དང་།

གྲུབ་པ་ཆེན་པོ་བརྒྱད་ལ་སོགས་པ་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་དམ་པ་སྩོལ་བར་མཛད་དུ་གསོལ།

ཞེས་ཁ་བསྒྱུར་རོ། །

༈ སྡུག་བསྔལ་རང་གྲོལ་ལ།

ཧོཿ འཕགས་མཆོག་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཁྱེད་རྣམས་ལ།

མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས།

སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས།

བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས་མཆོག་གི་དངོས་གྲུབ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གོ་འཕང་མངོན་སུམ་དུ་ཐོབ་པ་དང་།

ཐུན་མོང་གི་དངོས་གྲུབ་ཕྲིན་ལས་རྣམ་པ་བཞི་གྲུབ་པ་དང་།

གྲུབ་པ་ཆེན་པོ་བརྒྱད་ལ་སོགས་པ་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་དམ་པ་སྩོལ་བར་མཛད་དུ་གསོལ།

ཞེས་ཁ་བསྒྱུར་རོ། །

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept