The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Six-Session Yoga—Tibetan

English | བོད་ཡིག

༄༅། །ཐུན་དྲུག་གི་རྣལ་འབྱོར།

 

དཀོན་མཆོག་གསུམ་ལ་སྙིང་ནས་སྐྱབས་སུ་མཆི། །

འགྲོ་ལ་ཕན་ཕྱིར་རྫོགས་པའི་བྱང་ཆུབ་སྒྲུབ། །

སེམས་ཅན་བདེ་ལྡན་སྡུག་བསྔལ་ཀུན་དང་བྲལ། །

བདེ་དང་མི་འབྲལ་བཏང་སྙོམས་ངང་གནས་ཤོག །

 

མདུན་མཁར་རིན་ཆེན་པདྨ་ཉི་ཟླའི་སྟེང་། །

རྩ་བའི་བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །

མཚན་དཔེའི་གཟི་འབར་རབ་འབྱམས་དཔའ་བོ་དང་། །

ཌཱ་ཀྐིའི་སྤྲིན་ཕུང་རྣམ་པར་སྤྲོ་བཞིན་བཞུགས།

 

ཕྱི་ནང་གསང་བའི་མཆོད་སྤྲིན་མཎྜལ་བཅས། །

གུས་པ་ཆེན་པོས་འབུལ་གྱིས་བཞེས་སུ་གསོལ། །

སངས་རྒྱས་ཀུན་དངོས་དངོས་གྲུབ་རྩ་བ་རུ། །

མཐོང་ནས་རྣམ་པ་ཀུན་གྱིས་མཉེས་བྱེད་ཤོག །

 

ཛཿཧཱུྃ་བཾ་ཧོཿབླ་མ་རང་ལ་བསྟིམ། །

སྟོང་པའི་ངང་ལས་རང་ཉིད་རྡོ་རྗེ་འཆང་། །

ཐབས་ཤེས་རང་བཞིན་རྡོ་རྗེ་དྲིལ་བུར་བཅས། །

རང་སྣང་ཕྱག་རྒྱར་འཁྱུད་པའི་བདེ་བས་དགྱེས། །

 

དགེ་ཚོགས་ཅི་མཆིས་མ་གྱུར་འགྲོ་ལ་བསྔོ། །

སྐྱེ་ཞིང་སྐྱེ་བར་སྡོམ་གསུམ་མིག་བཞིན་སྲུང་། །

ཡོངས་རྫོགས་རྒྱལ་བའི་ཆོས་ཚུལ་ལེགས་བཟུང་ནས། །

གང་འདུལ་ཐབས་ཀྱིས་འགྲོ་བའི་དོན་བྱེད་ཤོག །

 

ཅེས་པའང་འཇིགས་མེད་པས་སོ།། །།

 

རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མ།

Buddha Vajradhara

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept